དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འབྲས་ལྡན་དུས་སུ་ཕྱོགས་བཞིའི་སྐུ་མགྲོན་བསུ། བོད་ཀྱི་འཕེལ་རྒྱས་བསམ་ཇུས་ལྷུག་པོར་གླེང་།

    —— 2025ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཉིང་ཁྲིར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-28

    “མཛེས་སྡུག་ལྡན་པའི་བོད་ལྗོངས་དང་འཕྲད། གངས་ལྗོངས་ཀྱི་ལེའུ་གསར་པ་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2025ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཟླ་10ཚེས་27ཉིན་ནས་ཚེས་30ཉིན་བར་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་གཉེར་རྒྱུ་ཡིན་ཞིང་། གླེང་སྟེགས་ཀྱིས་རྒྱལ་སྤྱིའི་བརྒྱུད་སྤེལ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས། བོད་ཀྱི་གཟུགས་བརྙན་གཏོད་པ། འཕེལ་རྒྱས་ཀྱི་འདུ་ཤེས་དང་ལག་ལེན་གྱི་ཐབས་ལམ་བཅས་ཕྱོགས་དྲུག་ལ་དམིགས་རྒྱུ་དང་། དེའི་དམིགས་ཡུལ་ནི་འཛམ་གླིང་དང་གླེང་མོལ་གྱི་མཐོ་ས་ཞིག་བསྐྲུན་ནས་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་མཉམ་དུ་འགོད་རྒྱུ་དེ་རེད།

    བོད་ལྗོངས་སློབ་ཆེན་ཀྲུང་གོའི་གྲངས་ཉུང་མི་རིགས་དཔལ་འབྱོར་ཆེད་ལས་ཀྱི་འབུམ་རམས་པའི་སློབ་དཔོན་དང་དགེ་རྒན་ཆེ་མོ་བ་ཐུབ་བསྟན་མཁས་གྲུབ་ཀྱིས་ད་ཐེངས་ཀྱི་རིམ་མཐོའི་གླེང་སྟེགས་འདིར་ཞུགས་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཁོང་གིས“ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི”གླེང་སྟེགས་ལ་གཙོ་བོར་དམིགས་ཏེ། དེ་ནི་རིགས་པའི་གཞུང་ལུགས་སྐོར་གྱི་རིག་གཞུང་བགྲོ་གླེང་ཞིག་ཡིན་པ་མ་ཟད། བོད་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ལག་ལེན་ལ་བརྒྱུད་རིམ་ལྡན་པའི་ཕྱོགས་སྡོམ་བྱས་པ་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱས་པ་རེད། “མིག་སྔར་ང་ཚོས་སྐུལ་འདེད་གཏོང་བཞིན་པའི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། བོད་ལུགས་གསོ་རིག་སོགས་ཁྱད་ལྡན་ཐོན་ལས་དག་རྒྱལ་སྤྱིའི་ཁྲོམ་རའི་དགོས་མཁོ་དང་ཇི་ལྟར་བྱས་ཏེ་འབྲེལ་མཐུད་ནུས་ལྡན་བྱས་ནས། འདྲ་བཟོ་ཆོག་པ་དང་ཁྱབ་གདལ་ཆོག་པའི‘ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བོད་ཀྱི་ཉམས་མྱོང’ཆགས་པ་བྱ་རྒྱུ་དེ་ནི་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་སྤེལ་རེས་གཏིང་ཟབ་བྱེད་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་གླེང་སྟེགས་བརྒྱུད་སླད་ཕྱིན་གྱི་ཞིབ་འཇུག་ལས་དོན་ཐད་བསམ་ཕྱོགས་གསར་པ་དང་། བྱེད་ཐབས་གསར་པ། ཐབས་ལམ་གསར་པ་བཅས་ཐོབ་རེ་ཡོད”ཅེས་ཐུབ་བསྟན་མཁས་གྲུབ་ཀྱིས་བརྗོད།

    དེ་ནི་གླེང་སྟེགས་ལ་ཞུགས་པའི་བོད་རང་གི་རིགས་གཅིག་མཁས་ཅན་མང་པོ་ཞིག་གི་ཐུན་མོང་གི་བསམ་ཚུལ་ཡང་ཡིན་ངེས་རེད། ཁོང་ཚོས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པའི་ལག་ལེན་གྱི་གྲུབ་འབྲས་དེ་སྔོན་ཐོན་གྱི་འཕེལ་རྒྱས་འདུ་ཤེས་དང་དུས་ཐོག་ཏུ་སྦྲེལ་མཐུད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེས་ན་དམའ་དབྱིངས་དཔལ་འབྱོར་གྱིས་དེའི་ཐད་གསར་གཏོད་ཀྱི་འཇུག་སྒོ་མཁོ་འདོན་བྱེད་བཞིན་ཡོད།

    “ད་ཐེངས་ཀྱི་གླེང་སྟེགས་ཐོག་ངས་དམའ་དབྱིངས་དཔལ་འབྱོར་གྱི་མཚོན་ཚུལ་གསར་ཤོས་དང་དམའ་དབྱིངས་ཀྱི་བདེ་འཇགས་ངོས་འཛིན་སོགས་ཀྱི་ནང་དོན་གཙོ་བོ་མཉམ་སྤྱོད་བྱེད་ཀྱི་ཡིན”ཧྲེན་དབྱང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧོང་ཐའོ་ཡིས་བོད་ཀྱིས་ཐུན་མོང་མ་ཡིན་པའི་ས་མཐོའི་མཁའ་དབྱིངས་ཐོན་ཁུངས་དང་སྐྱེ་ཁམས་ལེགས་ཆར་བརྟེན་ཏེ། དམའ་དབྱིངས་ཡུལ་སྐོར་དང་། རིག་ལྡན་ཟོག་འགྲུལ། འཕྲལ་སྡོམ་རོགས་སྐྱོབ་སོགས་ཀྱི་ཁྱབ་ཁོངས་ཚད་བརྒལ་བྱེད་སར་བྱས་ནས། ས་བབ་མཐོ་བའི་ས་ཁུལ་གྱི་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་ཐད་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།

    “འཛམ་གླིང་ཡང་རྩེའི་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང་བྱེད”ཅེས་པའི་གླེང་སྟེགས་ལ་ལས་བྱེད་པ་ནས་མང་ཚོགས་བར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ནས་ད་ལྟའི་ས་མཐོའི་གང་སར་མཐོང་ཐུབ་པའི་སྐྱེ་ཁམས་སྲུང་སྐྱོང་གི་ལག་ལེན་བར་བོད་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་གོམ་པ་བརྟན་པོས་སྐྱོད་བཞིན་ཡོད། “ད་ཐེངས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོས‘འཛམ་གླིང་ཡང་རྩེར་སྲུང་སྐྱོང་བྱེད’ཅེས་པའི་ལག་ལེན་བྱ་སྤྱོད་ལ་བརྟེན་ཏེ་རྒྱལ་སྤྱིའི་མཐོང་རྒྱ་དང་གཅིག་སྒྲིལ་བྱས་པ་དེས་ང་ཚོར་སྤོབས་པ་ཆེན་པོ་སྐྱེས་བྱུང་ལ་འགན་འཁྲི་ཧ་ཅང་ལྕི་པོ་ཡིན་པའང་ཚོར་བྱུང་། ང་ཚོས་སྲུང་སྐྱོབ་བྱེད་བཞིན་པ་ནི་ཀྲུང་གོ་དང་ཐ་ན་ཨེ་ཤེ་ཡའི་ལྗང་མདོག་ཙམ་མ་ཟད། གོ་ལ་ཧྲིལ་པོ་དང་འབྲེལ་བ་ཡོད་པའི་སྐྱེ་ཁམས་སྲུང་བཅད་དེ་བས་ཀྱང་རེད”ཅེས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གྲོང་གསེབ་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཞུས་ཝུའུ་ཏ་ཡིས་བརྗོད།

    ད་ཐེངས་ཀྱི་གླེང་སྟེགས་ཐོག་ད་དུང“འཛམ་གླིང་དང་གླེང་མོལ་བྱེད་པའི་མཐོ་ས་བསྐྲུན་པ་ཞེས་པའི་བོད་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་སྐབས་དང་པོ”དུས་མཉམ་དུ་འཚོགས་ཡོད། ཀྲུང་གོའི་ཉིན་རེའི་ཚགས་པར“ཨའེ་ཏེ་ཅ·སི་ནོ་གསར་འགྱུར་ལས་དོན་ཁང”གི་མཉམ་འབྲེལ་སྲོལ་གཏོད་མཁན་དང་ཁོངས་མི་གཙོ་བོ་ཨའེ་ལི་ཁེ·R·ཉི་ཨེར་སིན་གྱིས་དུས་ཡུན་རིང་པོའི་ནང་རྒྱལ་སྤྱིའི་ཁྱབ་སྤེལ་ལ་སྐུལ་འདེད་བཏང་ནས་འཛམ་གླིང་ལ་དོན་དངོས་དང་ཕྱོགས་ཡོངས་ཀྱི་བོད་ལྗོངས་ཤིག་མངོན་པར་གཞོལ་བཞིན་ཡོད། ཁོང་གིས“སླད་ཕྱིན་སྔར་བཞིན་གསོན་ཤུགས་ཀྱིས་ཁེངས་པའི་གསར་གཏོད་ལ་བརྟེན་ནས་འཛམ་གླིང་ལ་བོད་ཀྱི་འཕེལ་རྒྱས་ནི་ས་གནས་དེ་གའི་མི་དམངས་ཙམ་མ་ཟད། ཐ་ན་མིའི་རིགས་ཡོངས་ལ་མཚོན་ན་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན་པ་མངོན་པར་བྱེད་ཀྱི་ཡིན”ཞེས་བརྗོད།

    ད་ཐེངས་ཀྱི་འཕེལ་རྒྱས་གླེང་སྟེགས་ནི་ཚོགས་འདུ་ཙམ་མ་ཟད། དེ་ནི་ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་། སྟོབས་ཤུགས་གཅིག་སྒྲིལ། འབྱུང་འགྱུར་གི་སྒོ་མོ་འབྱེད་པ་བཅས་ཀྱི་ལས་སྟེགས་ཤིག་དེ་བས་ཀྱང་རེད། མཁས་དབང་ཚོས་ཐོན་ལས་འཕེལ་རྒྱས་ཐད་བསམ་གཞིག་ཟབ་མོ་བྱེད་པ་ནས་གཞོན་ནུ་ཚོས་འབད་འཐབ་དང་འགན་འཁྲི་འཁུར་ཕོད་པའི་བར་དང་། ཞིབ་འཇུག་པས་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོབ་བྱེད་པ་ནས་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ལ་རེ་སྒུག་བྱེད་པའི་བར་སོགས་དོ་ཁུར་བྱེད་ས་མི་གཅིག་ནའང་། ཐུན་མོང་གི་དམིགས་ས་གཅིག་ཡོད་པ་ནི་2025ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ལ་བཅངས་པའི་རེ་སྒུག་ཆེན་པོ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།