《དཔའ་མི་ཞུམ་པའི་གླིང་ཕྲན་རྩ་ཆེན། མེས་རྒྱལ་ལ་ལྷག་བསམ་ཟོལ་མེད་བྱེད། སྤུན་ཟླ་ཐའེ་དབན་བའི་རི་འགོག་གི་ལོ་རྒྱུས་དོན་དངོས་འགྲེམས་སྟོན》པེ་ཅིང་དུ་འགོ་ཚུགས་པ།

ཟླ་10ཚེས་25ཉིན། ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་ཆེད། 《དཔའ་མི་ཞུམ་པའི་གླིང་ཕྲན་རྩ་ཆེན། མེས་རྒྱལ་ལ་ལྷག་བསམ་ཟོལ་མེད་བྱེད། སྤུན་ཟླ་ཐའེ་དབན་བའི་རི་འགོག་གི་ལོ་རྒྱུས་དོན་དངོས་འགྲེམས་སྟོན》དེ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་འགོ་ཚུགས་པ་རེད། འགྲེམས་སྟོན་ནང་ལོ་རྒྱུས་པར་རིས་རྩ་ཆེན་ཁག་387དང་རིག་དངོས་ཁག་453འགྲེམས་སྟོན་བྱས་ནས། སྤུན་ཟླ་ཐའེ་དབན་བས་རི་པིན་གྱི་མི་སེར་སྤེལ་བའི་དབང་སྒྱུར་ལ་འགོག་རྒོལ་བྱེད་པའི་ལོ་ངོ་50ཡི་རིང་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་བྱེད་པའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། འདི་ནི་ཟླ་10ཚེས་25ཉིན། ལྟ་སྐོར་བས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ《དཔའ་མི་ཞུམ་པའི་གླིང་ཕྲན་རྩ་ཆེན། མེས་རྒྱལ་ལ་ལྷག་བསམ་ཟོལ་མེད་བྱེད། སྤུན་ཟླ་ཐའེ་དབན་བའི་རི་འགོག་གི་ལོ་རྒྱུས་དོན་དངོས་འགྲེམས་སྟོན》ལ་ལྟ་བཞིན་པ།

འདི་ནི་ཐའེ་དབན་གྱི་དམངས་ཚོགས་ཚོས་ཁྲོམ་གཞུང་དུ་བསྐྱོད་དེ་ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བར་རྟེན་འབྲེལ་ཞུ་བ། (དཔྱད་གཞིའི་པར་རིས) ཀྲུང་གོའི་ཧྥུའུ་ཅན་དང་ཐའེ་དབན་ལས་འབྲེལ་རྟེན་མཛོད་ཁང་གིས་མཁོ་འདོན་བྱས།
འབྲེལ་ཡོད་གསར་འགྱུར།