ཤིན་ཅང་ཝུའུ་སུའུ་རུ་མི་རིགས་མཐུན་སྒྲིལ་ཟབ་མོའི་རྣམ་པའི་ཐོག་ནས་དགུ་པའི་ཚེས་དགུ་དགའ་གཏོང་བྱས་པ།

2025ལོའི་ཟླ་10ཚེས་23ཉིན། ཤིན་ཅང་ཝུའུ་སུའུ་གྲོང་ཁུལ་གསར་པ་ཁུལ་སྲང་ལམ་ཝུན་ཏེ་ལམ་སྡེ་ཁུལ་དུ“མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་མཉམ་དུ་གླེང་། རྒན་བཀུར་རྒན་གཅེས་ཀྱི་དགུ་པའི་ཚེས་དགུའི”བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་རྒན་རྒོན་རྣམས་མཉམ་དུ་འཛོམས་ནས་ལྒང་བུ་བཟོས་ཏེ་དགའ་སྤྲོའི་དགོད་སྒྲའི་ཁྲོད་དུ་དུས་ཆེན་དགའ་གཏོང་དང་རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།