དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “མཚན་མོའི་དཔལ་འབྱོར”འཕེལ་རྒྱས་བཏང་སྟེ་འཛད་སྤྱོད་ཀྱི་ཚ་རླབས་འཕྱུར་བར་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-10-27

    རྒྱལ་སྟོན་གུང་གསེང་རིང་། ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཀྲང་ཀུང་ཆུས་ཅང་ནན་སུང་གྲོང་ལོ་རྒྱུས་རིག་གནས་ཁྲོམ་ཁུལ་དུ་ཡུལ་སྐོར་བ་ཤིན་ཏུ་མང་ཞིང་། ཁོ་ར་ཁོར་ཡུག་ཀུན་ཏུ་འཁྲུག་ཆ་ཧ་ཅང་དོད། ཀྲུའུ་ཧའེ་ཧྥུང་གིས་པར་བརྒྱབ།

    ཤང་ཅང་གཙང་པོའི་འགྲམ་དུ་གནས་པའི་ཁྲང་ཧྲ་གྲོང་ཁྱེར་གྱི་གྲོང་མིས་བརྗོད་དོན། གྲོང་ཁྱེར་འདིར་ཉམས་ལེན་བྱེད་པར། ངེས་པར་དུ་དགོང་མོའི་ཆུ་ཚོད་དྲུག་པ་ནས་ཞོགས་པའི་ཆུ་ཚོད་དྲུག་པའི་གློག་སྒྲོན་མཐའ་མ་དེའི་འོད་མདངས་མི་གསལ་བའི་བར་རྒྱུན་མཐུད་མྱོང་རོལ་བྱེད་དགོས།

    ས་ཆ་འདིར། གྲོང་ཁྱེར་གྱི་ཁྲོམ་གཞུང་ལ་ལོ་རྒྱུས་ཀྱི་ཉམས་འགྱུར་ལྡན་ཡོད་ལ། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ན་གཞོན་ཚོའི་འཛད་སྤྱོད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བཞིན་མཆིས།

    གལ་སྲིད་ནམ་དགུང་ཁྲང་ཧྲ་གྲོང་ཁྱེར་དུ་བསྐྱོད་ན། གྲོང་ཁྱེར་གྱི་ལྟེ་བར་གནས་པའི་ལྔ་གཅིག་ཐང་ཆེན་རྒྱུད་དུ་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་ཅིང་། མཚན་ཁྲོམ་གྱི་ཐོག་མེད་ཟས་སྟེགས་སུ་ཟ་མ་ཟ་མཁན་གྱིས་ཁེངས་པ་དང་། ཉ་མགོ་ཁ་ཚ་ཚོང་སའི་ཟ་ཁང་སྒོ་འགྲམ་དུ་གྲལ་རིང་པོ་སྒྲིག་པ། KTVརུ་རོལ་དབྱངས་ཀྱི་སྒྲ་རྣ་བ་འོན་འོན་དུ་སྒྲོག་པ། དྲ་ཐོག་གྲགས་ཅན་ཚོ་ཕྱི་རོལ་དུ་ཐད་གཏོང་བྱེད་པ་སོགས།

    མིག་སྔར། ཀྲུང་གོའི་གྲོང་ཁྱེར་མི་ཉུང་བ་ཞིག་གིས“མཚན་མོའི་དཔལ་འབྱོར”འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། པེ་ཅིང་དུ་ས་གནས་དེ་གས་མཚན་མོའི་འཛད་སྤྱོད་གཟིགས་སྐྱོང་སྤ་སེ་འབོར་ཆེན་སྤྲད་པ་དང་། ཧྲང་ཧའེ་རུ་ས་གནས་དེ་གའི་ཡུལ་སྐོར་བྱེད་མང་བའི་ས་ཁོངས་ཀྱི་ཚོང་ཁང་དང་ཚོང་ར་ཁག་གཅིག་ལ་ཐོ་རེངས་ཆུ་ཚོད་2པའི་བར་ལས་གཉེར་བྱེད་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་རེད།

    —— སི་ཕེན་གྱི《འཛམ་གླིང་ཚགས་པར》དྲ་ཚུགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།