དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨུ་རུ་སུར་རྒྱ་ཡིག་སྦྱོང་མཁན་མང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-10-27

    འདི་ནི་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་འཚོགས་པའི“རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོའི”བྱེད་སྒོར་སློབ་མས་དྲག་རྩལ་ལེ་ཚན་འཁྲབ་སྟོན་བྱེད་བཞིན་པ། ཡཱ་ལི་ཧྲན་ཏཱ་ཡིས་པར་བརྒྱབ། (ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ)

    ཨུ་རུ་སུའི་མོ་སི་ཁོ་རྒྱལ་བཙུགས་སློབ་ཆེན་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་སློབ་གླིང་གི་ཡོན་ཀྲང་ཨཱ་ལེ་ཁེ་ཞེ·མཱ་སི་ལོ་ཧྥུའུ་ཡིས། ཨུ་རུ་སུའི་ལས་རིགས་མང་པོར་རྒྱ་ཡིག་སྤྱོད་བཞིན་ཡོད་ཅེས་བརྗོད།

    ཉེ་བའི་ལོ་5ཡི་རིང་། ཨུ་རུ་སུར་རྒྱ་ཡིག་སྦྱོང་མཁན་ལོ་ལྟར་10%ནས་15%བར་འཕར་བ་དང་། ཉེ་བའི་ལོ་གཉིས་རིང་ཆ་སྙོམས་ལོ་རེར་18%འཕར་ཡོད།

    ཁོང་གིས་ད་དུང་རྒྱ་ཡིག་སྦྱོང་བའི་རྒྱུ་རྐྱེན་ལ་འགྱུར་ལྡོག་བྱུང་ཡོད། དེ་སྔ་རྒྱ་ཡིག་སྦྱོང་དོན་ནི་རྩོམ་རིག་མཁས་ཅན་དང་རྒྱ་རིག་པ་མཁས་ཅན་ཞིག་བྱ་ཆེད་ཡིན་པ་དང་། ད་ཆ་རྒྱ་ཡིག་ཕན་ཐོགས་ཆེ་བའི་སྐད་ཡིག་ཅིག་ལ་བརྩི་ཡི་ཡོད་ཅེས་བརྗོད།

    ཁོང་གིས། མིག་སྔར་ཨུ་རུ་སུའི་ཚོང་ལས་དང་། གྲངས་འཛིན་ཚན་རྩལ། ལྕགས་བཞུ། རྫས་འགྱུར་བཟོ་ལས། ཆ་འཕྲིན་ལག་རྩལ་བཅས་ཀྱི་ཁྱབ་ཁོངས་སུ་རྒྱ་ཡིག་ཤེས་པའི་ཤེས་ལྡན་པ་མཁོ་ཡི་ཡོད་མོད། འོན་ཀྱང་ཨུ་རུ་སུར་སྤུས་ཚད་མཐོ་པོས་རྒྱ་ཡིག་སློབ་ཐུབ་མཁན་མཐོ་སློབ་ཁ་ཤས་ལས་མེད་ཅེས་བརྗོད།

    མོ་སི་ཁོའི་སློབ་གསོ་དང་ཚན་རིག་ཅུས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། མོ་སི་ཁོར་སློབ་ཁྲིད་བྱེད་མུས་ཀྱི་ཕྱི་རྒྱལ་གྱི་སྐད་ཡིག་ཁྲོད་དབྱིན་ཡིག་ཕུད་རྒྱ་ཡིག་ལ་དགའ་པོ་བྱེད་མཁན་མང་ཤོས་ཡིན་པ་དང་སློབ་གྲྭ་70ལྷག་ཙམ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་8000ཙམ་གྱིས་རྨང་གཞིའི་སློབ་གསོའི་སྒྲོམ་གཞིའི་འོག་རྒྱ་ཡིག་སྦྱོང་བ་དང་། ད་དུང་སློབ་མ་6000ལྷག་ཙམ་སློབ་གསེང་གི་རྒྱ་ཡིག་གསོ་སྦྱོང་འཛིན་གྲྭར་ཞུགས་ཀྱི་ཡོད་པ་རེད།

    —— ཨུ་རུ་སུའི་སྲུང་སྐར་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།