དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧོ་པེའི་ཀའོ་པི་ཏན་དུ་སྒམ་ཁུག་ཐོན་ལས་རིམ་སྤོར་བྱས་ནས་ཀྲུང་གོས་བཟོས་པའི་ཐོན་རྫས་ཕྱི་རྒྱལ་དུ་གཏོང་བར་མཐུན་རྐྱེན་སྦྱར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-10-27

    ཉེ་ཆར། 2025ལོའི་ཀྲུང་གོ·པའེ་ཀོའུ་རྒྱལ་སྤྱིའི་སྒམ་ཁུག་འགྲེམས་ཚོཌ་ཧོ་པེ་ཞིང་ཆེན་ཀའོ་པི་ཏན་གྲོང་ཁྱེར་ཧོ་པེ་ཕྱིར་གཏོང་ཚོང་ཟོག་འགྲེམས་སྟོན་ལྟེ་གནས་སུ་གཉེར་ཞིང་། སྐབས་འདིའི་འགྲེམས་ཚོགས་ཀྱིས་TEMUདང་། ཨོར་མཱ། SHEINསོགས་གོ་ལ་ཧྲིལ་པོའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་གཙོ་བོ་དང་མཉམ་འབྲེལ་བྱས་ཏེ་གཞུང་ཕྱོགས་ཀྱི་འབྲེལ་སྦྱོར་ཚོགས་འདུ་ཐེངས་མང་འཚོགས་ནས་ཨུ་རུ་སུ་དང་། ཨེ་ཅིབ། དབྱི་རན། ནི་ཀྲེར་སོགས་རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་གྱི་རྒྱལ་སྤྱིའི་ཉོ་སྒྲུབ་ཚོང་པ་500ལྷག་ཙམ་དང་དེ་བཞིན་རྒྱལ་སྒྲོལ་ཚོང་པའི་འཐུས་ཚབ་100ལྷག་ཙམ་གྱི་ཡིད་དབང་བཀུག་པས། ཕྱོགས་ཁག་གི་ཐོན་ཁུངས་ནུས་ཆེ་གཅིག་སྡུད་དང་གནད་སྨིན་འབྲེལ་མཐུད་ཐུབ་སྟེ་ཀྲུང་གོས་བཟོས་པའི་ཐོན་རྫས་སྤུས་ཚད་མཐོ་པོས་ཕྱི་རྒྱལ་ལ་གཏོང་བར་རམ་འདེགས་བྱས་པ་རེད།འདི་ནི་ཕྱི་རྒྱལ་གྱི་ཚོང་པས་2025ལོའི་ཀྲུང་གོ·པའེ་ཀོའུ་རྒྱལ་སྤྱིའི་སྒམ་ཁུག་འགྲེམས་ཚོགས་ནས་སྒམ་ཁུག་ཐོན་རྫས་ལ་རྒྱུས་ལོན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།