དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཏང་ཡོན་གྱིས་སེམས་འདུན་ཆུང་ངུ་འགྲུབ་པའི”བྱེད་སྒོས་དམངས་འཚོའི་འགན་སྲུང་དྲ་བ་ཚགས་དམ་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-27

    ཉེ་ཆར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས“ཏང་དར་འོག་གི་དམ་བཅའ——ཏང་ཡོན་གྱིས་སེམས་འདུན་ཆུང་ངུ་འགྲུབ”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཐང་མགོ་གྲོང་རྡལ་ཇ་རྩ་གྲོང་ཚོ་དང་གཙང་གཞུང་གྲོང་ཚོར་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོར་བྱེད་པའི་བྱེད་སྒོ་སྤེལ་ཏེ། མང་ཚོགས་ཚོས་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བ་བྱས་ཡོད།

    བྱེད་སྒོ་སྤེལ་རིང་། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་དགོས་མཁོར་དམིགས་ཏེ། དམིགས་བསལ་དཀའ་ངལ་ཡོད་མཁན་18ལ་དྲོད་སྲུང་ཁ་གྱོན་དང་། ཁན་སྦྱར། དེ་བཞིན་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་བཅས་སྤྲད་ནས་ཁོང་ཚོར་གྲང་རླུང་བསིལ་བསིལ་ལྡང་བའི་སྟོན་དུས་སུ་དྲོ་སྐྱིད་ཚོར་བ་བྱས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་ནི་ལྷུན་གྲུབ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཏང་ཡོན་དང་བླངས་ཞབས་ཞུ་གཏིང་ཟབ་སྤེལ་བ་དང“ངས་མང་ཚོགས་ཆེད་བྱ་བ་དངོས་སྒྲུབ་པའི”ཞིབ་ཕྲའི་ལག་ལེན་ཞིག་ཡིན་ལ། དམངས་འཚོའི་འགན་སྲུང་དྲ་བ་ཚགས་དམ་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།