དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “གོ་སྐབས་མཉམ་སྤྱོད་བྱས་པས་ང་ཚོའི་གྲོང་ཚོའི་ཐད་གཏོང་གསོ་སྦྱོང་ཇེ་ལེགས་ནས་ཇེ་ལེགས་རེད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཆའོ་ཏུང་།   |     སྤེལ་དུས།  2025-10-26

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དཀོན་ལོ་ཚང་གོང་མ་གྲོང་ཚོར་ཕེབས་སྐབས་སྤྲོ་སེམས་འཁོལ་བའི་ཡུལ་མི་ཚོར“ཁྱེད་ཚོའི་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཁྱེད་ཚོའི་འཚོ་བ་བདེ་སྐྱིད་ལྡན་པ་མཐོང་བས་བདེ་པོ་བྱུང”ཞེས་ཐུགས་བརྩེ་བ་ཆེན་པོས་གསུངས།

    མཚོ་སྔོན་རྐང་ཚ་རྫོང་དཀོན་ལོ་ཚང་གོང་མ་གྲོང་ཚོར་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་མང་པོ་ཡོད། གྲོང་ཚོ་ཨུ་ལྷན་གྱི་གཞུང་ལས་ཐོག་ཁང་གི་ཐོག་སོ་གཉིས་པའི་ཐད་གཏོང་རྟེན་གཞིར་དྲ་ཚོང་ཐད་གཏོང་བ་ཚེ་རིང་དབང་ཕྱུག་གིས་ཐད་གཏོང་བྱེད་བཞིན་ཡོད་པ་རེད།

    ལོ་26ལ་སླེབས་པའི་ཚེ་རིང་དབང་ཕྱུག་ནི་ཕོ་གཞོན་འཇོན་ཐང་ཅན་ཞིག་ཡིན་ཞིང་། སྔོན་ཆད་ཡུལ་གཞན་དུ་སྨྱན་སྦྱོར་ལས་ཀ་བྱས་མྱོང་ཡོད། རྗེས་སུ“འཇོན་ཐང་ངོམས་པའི”གོ་སྐབས་རྙེད་དེ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པ་རེད།

    གོ་སྐབས་ནི་གྲོང་ཚོའི་ཉེ་བའི་ལོ་ཤས་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་ལས་བྱུང་བ་རེད།

    2021ལོར། དཀོན་ལོ་ཚང་གོང་མ་གྲོང་ཚོར་འབྲོག་ལས་ཆེད་ལས་མཉམ་ལས་ཁང་6བཙུགས་པ་དེས་གྲོང་མི་བརྒྱ་ཆ་དྲུག་ཅུ་ལ་ཕན་ཐོགས་ཡོད། ལོ་དེའི་ཟླ་བ་དྲུག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དཀོན་ལོ་ཚང་གོང་མ་གྲོང་ཚོར་ཕེབས་སྐབས་སྤྲོ་སེམས་འཁོལ་བའི་ཡུལ་མི་ཚོར“ཁྱེད་ཚོའི་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཁྱེད་ཚོའི་འཚོ་བ་བདེ་སྐྱིད་ལྡན་པ་མཐོང་བས་ང་ཚོ་བློ་བདེ་པོ་བྱུང”ཞེས་ཐུགས་བརྩེ་བ་ཆེན་པོས་གསུངས་པ་རེད།

    མཉམ་ལས་ཁང་གི་ཕན་འབྲས་རིམ་བཞིན་ལེགས་སུ་ཕྱིན་ཞིང་། གྲོང་ཚོའི་དེང་རབས་སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་གཏོང་བའི་ལམ་བུ་དེ་བས་ཡངས་སུ་ཇི་ལྟར་གཏོང་དགོས་ཤེ་ན།

    “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་འཛད་སྤྱོད་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་ནས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་ཁྱོན་ཆེ་རུ་གཏོང་དགོས་པའི་་བསམ་ཕྱོགས་བཏོན་པ་རེད།

    ན་ནིང་རྐང་ཚ་རྫོང་གིས་འབྲེལ་ཡོད་འཕེལ་རྒྱས་མ་དངུལ་བརྩོན་ལེན་བྱས་ནས་དཀོན་ལོ་ཚང་གོང་མ་གྲོང་ཚོར་དྲ་ཚོང་ཐད་གཏོང་རྟེན་གཞི་ཞིག་བསྐྲུན་རྗེས། ཚེ་རིང་དབང་ཕྱུག་གིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་ཐད་གཏོང་ཚོགས་པ་བཙུགས་པར་འབྲོག་པ་མང་ཚོགས་མང་པོ་ཞུགས་པ་རེད། “གོ་སྐབས་མཉམ་སྤྱོད་བྱས་པས་ང་ཚོའི་གྲོང་ཚོའི་ཐད་གཏོང་གསོ་སྦྱོང་ཇེ་ལེགས་ནས་ཇེ་ལེགས་རེད”ཅེས་ཚེ་རིང་དབང་ཕྱུག་གིས་བཤད།

    དྲ་སྐུད་གཅིག་གིས་གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་ཞིང་། ས་མཐོའི་ཐོན་རྫས་ཀྱི་ཁྱད་ཆོས་དང་ལེགས་ཆ་ཡུལ་གཞན་གྱི་འཛད་སྤྱོད་པས་མཐོང་བར་ཇི་ལྟར་བྱེད་དགོས་ཞེ་ན། ཚོགས་པ་དེས་མཛེས་སྡུག་ཡིད་དུ་འོང་བའི་མཚོ་སྔོན་པོ་གདོད་མའི་རྣམ་པའི་རྒྱབ་ལྗོངས་སུ་བྱས་ནས་ཐད་གཏོང་བྱས་ཏེ“སྐྱེ་ལྡན་དང་གནོད་མེད”ཡིན་པ་ཀུན་ལ་མཐོང་དུ་བཅུག་པ་རེད།

    ན་ནིང་ནས་བཟུང་། ཐད་གཏོང་ཟོག་ཚོང་བརྒྱུད་དཀོན་ལོ་ཚང་གོང་མ་གྲོང་ཚོའི་ཡུལ་མིའི་ཡོང་འབབ་འཕར་ཞིང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་གྱིས“ང་ཚོར་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་ཞིག་རྙེད་བྱུང་བ་སྟེ། ཐད་གཏོང་ཁང་གཉིས་བཙུགས་ནས་ང་ཚོའི་གྲོང་ཚོའི་ཚགས་ཤ་དང་ལུག་ཤ་འཚོང་གི་ཡོད། ཕྱིར་ཚོང་ཡོང་འབབ་ཀྱིས་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་ཀྱི་བཅུ་ཆ་གཅིག་ཡན་ཟིན་གྱི་འདུག”ཅེས་བཤད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་གྲང་ཕྲེང་ཟོག་འགྲེམས་དྲ་རྒྱ་བཙུགས་ཡོད་སྟབས། “རྩྭ་ཐང་ནས་གསོལ་ཅོག་བར”ཐོགས་མེད་སྐྱེལ་འདྲེན་ཐུབ་ཡོད། ད་ལོར་དཀོན་ལོ་ཚང་གོང་མ་གྲོང་ཚོས་སླར་ཡང་ཧྲན་ཏུང་གི་ལེའོ་ཁྲེང་དང་སི་ཁྲོན་གྱི་ཁྲེང་ཏུའུ་སོགས་སུ་ཐད་ཚོང་ཁང་བཙུགས་པས། ས་མཐོའི་ཐུན་མོང་མ་ཡིན་པའི་དམིགས་བསལ་ཐོན་རྫས་ཀྱི་ཚོང་ལམ་སྔར་བས་རྒྱ་ཆེར་འགྲོ་བཞིན་ཡོད་པ་རེད།

    འཕེལ་རྒྱས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། འཕེལ་རྒྱས་མི་དམངས་ལ་བརྟེན་དགོས་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་དགོས། དཀོན་ལོ་ཚང་གོང་མ་གྲོང་ཚོ་ཁོ་ན་མ་ཡིན་པར“ལོ་ལྔ་ཚན་བཅུ་བཞི་པའི”རིང་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་སོགས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ནས་གྲངས་འཛིན་ལས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཁྲི་སྟོང་མང་པོར་ཕན་པ་ཐོབ་ཡོད། ས་གནས་ཁག་ལ་བལྟས་ན། “ལུག་མིག་མེ་ཏོག་གྲོང་རྡལ”དང་། “མོག་རོ་ཤང”“ཀུ་ཤུ་གྲོང་ཚོ”སོགས་སྣ་ཚོགས་པ་ཐོན་ནས་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཆེན་པོ་ཕྱིན་པས་ཡུལ་མི་ཚོའི་ཡོང་འབབ་འཕར་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

    ཚེ་རིང་དབང་ཕྱུག་ལ་ད་དུང་རེ་འདུན་ཞིག་ཡོད་པ་ནི། ཐོན་ལས་ཀྱི་རྣམ་པ་མུ་མཐུད་ཕུན་སུམ་ཚོགས་སུ་བཏང་ནས་དཀོན་ལོ་ཚང་གོང་མ་གྲོང་ཚོའི་ཁྱད་ཆོས་ལྡན་པའི་རིག་གནས་བསམ་བཀོད་བྱ་རྒྱུ་དེ་རེད། རེ་འདུན་དེའི་ཆེད་དུ་ཁོང་གིས་མུ་མཐུད་འབད་བརྩོན་བྱེད་བཞིན་ཡོད། “དཀོན་ལོ་ཚང་གོང་མ་གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་ནི་ལུག་ལྤགས་རི་མོ་དེའི་ནང་གི་མདོ་ལ་རིང་མོ་ཇི་བཞིན་མཚར་སྡུག་རྣམ་པར་བཀྲ་བས། སླད་ཕྱིན་གྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་ངེས་ཡིན”ཞེས་ཚེ་རིང་དབང་ཕྱུག་གིས་རྩིག་ངོས་ཀྱི་ལུག་ལྤགས་རི་མོར་མཛུབ་མོ་བཙུགས་ནས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།