“འབྲི་ཆུའི་དུས་གཏན་མེ་འཁོར”ཅང་ཤིས་བར་སྣུར་སྲིང་བྱས་པ།

ཟླ་10ཚེས་23ཉིན། མ་རྨོས་ལོ་ཏོག་བྱུར་བུར་བླུགས་པའི“འབྲི་ཆུའི་དུས་གཏན་མེ་འཁོར”ཅང་ཤིས་ཞིང་ཆེན་ཅིའུ་ཅང་གྲོང་གྲུ་ཁ་ནུབ་མའི་ལྕགས་ལམ་ཆེད་སྤྱོད་ལམ་ཐིག་ནས་དལ་གྱིས་བསྐྱོད་དེ། ཅིའུ་ཅང་ཆི་ལི་ཧུའུ་མེ་འཁོར་འབབ་ཚུགས་བརྒྱུད་སི་ཁྲོན་ཞིང་ཆེན་དུ་འབྱོར་རྒྱུ་རེད། འགྲོ་ལམ་འདི་དངོས་སུ་ཤར་གཏོང་ཐུབ་པ་དེས“འབྲི་ཆུའི་དུས་གཏན་མེ་འཁོར”ལྕགས་ལམ་གྱི་གཉེར་སྐྱོང་དུམ་བུ་དེ་སི་ཁྲོན་དང་། ཧུའུ་པེ། ཧུའུ་ནན་བཅས་བརྒྱུད་ཅང་ཤིས་བར་སྣུར་སྲིང་ཐུབ་ནས་འབྲི་ཆུའི་བར་རྒྱུད་ཀྱི་ཧུའུ་པེ་དང་། ཧུའུ་ནན། ཅང་ཤིས་བཅས་ཞིང་ཆེན་གསུམ་ལ་རྦད་དེ་ཁྱབ་པའི་དམིགས་ཚད་མངོན་འགྱུར་ཐུབ་པ་མཚོན་ཡོད།
འབྲེལ་ཡོད་གསར་འགྱུར།