དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རིམ་རྩིས་བརྒྱབ་ན་གཏེར་ཁ་འཚོལ་བར་མ་དངུལ་སྒོར་དུང་ཕྱུར་4500ཙམ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-10-26

     ཚེས་23ཉིན། རང་བྱུང་ཐོན་ཁུངས་པུས་2025ལོའི་ཀྲུང་གོ་རྒྱལ་སྤྱིའི་གཏེར་ལས་ཚོགས་ཆེན་ཐོག《ཀྲུང་གོའི་གཏེར་ཁའི་ཐོན་ཁུངས་སྙན་ཞུ(2025)》ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུ་ལས་མངོན་པར། 2024ལོར་རང་རྒྱལ་གྱིས་ས་གཤིས་རྩད་ཞིབ་ལ་མ་དངུལ་སྒོར་དུང་ཕྱུར་1159.94བཏང་བས་ལོ་བཞི་བསྟུད་མར་འཕར་སྣོན་བྱུང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རིམ་རྩིས་བརྒྱབ་ན་གཏེར་ཁ་འཚོལ་བར་མ་དངུལ་སྒོར་དུང་ཕྱུར་4500ཙམ་བཏང་བ་དང་། རྒྱལ་ཡོངས་ནས་གཏེར་ཁུལ་གསར་པ་150རྙེད་ཡོད་པ་རེད།

    སྙན་ཞུ་ལས་མངོན་པར། རང་རྒྱལ་གྱི་རེས་སྐོར་གསར་པའི་གཏེར་ཁ་འཚོལ་བའི་ཚད་བརྒལ་འཐབ་ཇུས་བྱ་སྤྱོད་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། གཏེར་ཁའི་ཐོན་ཁུངས་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཏེ། གཙོ་གནད་གཏེར་འདུས་ཁུལ་དང་སྣུམ་རླངས་གཤོང་ས་ཆེ་གྲས་ནས་གཏེར་ཁ་འཚོལ་རིང་ཚད་བརྒལ་གལ་ཆེན་རབ་དང་རིམ་པ་བྱུང་བ་སྟེ། སྣུམ་རླངས་གཏེར་ཁའི་ཐད། ཐ་ལི་མུའུ་གཤོང་ས་དང་། ཇུན་གར་གཤོང་ས། སི་ཁྲོན་གཤོང་ས་སོགས་ཀྱི་རིམ་ཁོངས་གསར་པ་དང་། ཁུལ་རྒྱུད་གསར་པ། རིགས་ཁོངས་གསར་པ་བཅས་སུ་ཚད་བརྒལ་གལ་ཆེན་མང་པོ་བྱུང་བ་དང་། སྣུམ་རླངས་མིན་པའི་གཏེར་ཁའི་ཐད། ཟངས་གཏེར་དང་། ལྕགས་གཏེར། ལིན་གཏེར་སོགས་ཀྱི་འབོར་ཆེའི་གཏེར་ཁ་འཚོལ་རིང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཐོན་ཁུངས་ཀྱི་སྤྱི་འབོར་ཇེ་མང་དུ་སོང་བ། ལིས་གཏེར་དང་། ཛིར་གཏེར། ཧཱ་གཏེར། ཞི་ཐུའུ། ཧེལ་རླུང་སོགས་འཐབ་ཇུས་རང་བཞིན་གྱི་གཏེར་རྫས་གཏེར་འཚོལ་གྱི་ལས་ཀའི་འཕེལ་རིམ་ཡག་པོ་བྱུང་བ། ཝུའུ་གཏེར་དང་། མོལ་གཏེར། ཐི་གཏེར། ཡེ་རྡོ། རྡོ་སྣག་སོགས་གཏེར་ཁའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་བས་བརྟན་དུ་ཕྱིན་ཡོད། 2024ལོར་རྒྱལ་ཡོངས་ནས་གཏེར་ཁུལ་གསར་པ་150རྙེད་པའི་ནང་། གཏེར་ཁུལ་ཆེ་གྲས་ཁག་49དང་། འབྲིང་གྲས་ཁག་54 ཆུང་གྲས་ཁག་47ཡོད་པ་རེད།

    2024ལོར་རང་རྒྱལ་གྱི་གཏེར་ལས་ཐོན་ལས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་འཕར་བའི་རྣམ་པ་རྒྱུན་མཐུད་བྱུང་སྟེ། ལོ་གོང་མ་ལས་10.5%འཕར་ཡོད། མདོག་ལྡན་ལྕགས་རིགས་ཁག་10ཡི་ཐོན་འབོར་མུ་མཐུད་འཕར་བ་དང་། རྡོ་སོལ་དང་། མ་བཅོས་རྡོ་སྣུམ། རང་བྱུང་སོལ་རླངས་སོགས་ནུས་རྒྱུའི་གཏེར་ཁ་ཐོན་ཚད་ཀྱིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    2024ལོར་རང་རྒྱལ་གྱིས་གཏེར་ཁའི་ཐོན་ཁུངས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ཁག་10དང་ལས་རིགས་ཀྱི་ཚད་གཞི་ཁག་85ཁྱབ་བསྒྲགས་ལག་བསྟར་བྱས་པ་དང་། གཙོ་གནད་ཚན་རྩལ་ཆེད་དོན་རྣམ་གྲངས་དངོས་སུ་བཙུགས་ནས་ལག་བསྟར་བྱས་པ། “གྲངས་འཛིན་སའི་གོ་ལའི་གྲུབ་ཡུན”ཞེས་པའི་རྒྱལ་སྤྱིའི་ཚན་རིག་གི་འཆར་གཞི་ཆེན་པོ་ལག་བསྟར་བྱེད་འགོ་བཙུགས་པ་རེད། ཚན་རྩལ་གསར་གཏོད་ལས་སྟེགས་སྣ་ཚོགས་ཀྱིས་རྨང་གཞིའི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་། འགག་རྩའི་ལག་རྩལ་ལ་ཞིབ་འཇུག ལས་གྲྭ་ཅན་གྱི་ཞིབ་འཇུག་གསར་སྤེལ་བཅས་ལ་དམིགས་ཏེ། རེས་སྐོར་གསར་པའི་གཏེར་ཁ་འཚོལ་བའི་ཚད་བརྒལ་འཐབ་ཇུས་བྱ་སྤྱོད་སོགས་གཏེར་ཁའི་ཐོན་ཁུངས་ཁྱབ་ཁོངས་ཀྱི་གཙོ་གནད་འཐབ་ཇུས་ལས་འགན་ལ་ཞབས་འདེགས་ཧུར་ཐག་ཞུ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།