དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་སྟོངས་ལ་ཉེ་བའི་འདབ་ཆགས་མང་པོའི་ཁྱུ་ཚོགས་ཀྱི་གྲངས་འབོར་བརྟན་པོ་འཕར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-10-26

    ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཧྲན་ཏུང་ཏུང་དབྱིན་གྲོང་ཁྱེར་དུ་འཚོགས་པའི་2025ལོའི་ཀྲུང་གོ་དང་། རི་པིན། ཧན་གོ ཨོ་སི་ཁྲུ་ལི་ཡ་བཅས་ཀྱི་འདབ་ཆགས་སྲུང་སྐྱོང་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་འདབ་ཆགས་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས། ཁྲུང་ཁྲུང་དཀར་མོ་དང་། བྱ་གག་མགོ་སྔོན། མཆུ་ནག་ཐིང་རིལ། བྱ་ཀྲུའུ་ཧོན་སོགས་སྟོངས་ལ་ཉེ་བའི་འདབ་ཆགས་མང་པོའི་ཁྱུ་ཚོགས་ཀྱི་གྲངས་འབོར་བརྟན་པོ་འཕར་ཡོད་པ་དང་། 2024ལོ་དང་2025ལོར་དུས་མཉམ་དུ་ལྟ་ཞིབ་ཚད་ལེན་བྱས་པར། དགུན་སྒྲོལ་ཆུ་བྱའི་གྲངས་འབོར་ལྟ་ཞིབ་ཚད་ལེན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྟུད་མར་བཏོད་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་འདབ་ཆགས་རིགས་ལ་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བར། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་འདབ་ཆགས་ཀྱི་རིགས་394ཟིན་པ་དང་། “ལྡན་པ་གསུམ”(སྐྱེ་ཁམས་དང་། ཚན་རིག སྤྱི་ཚོགས་ཀྱི་རིན་ཐང་བཅས་གལ་ཆེན་ལྡན་པ)གྱི་འདབ་ཆགས་ཀྱི་རིགས་1028ཟིན་པ། སྲུང་སྐྱོབ་ཐོབ་པའི་འདབ་ཆགས་ཀྱི་རིགས་50%ཙམ་མང་དུ་ཕྱིན་པ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་རྒྱུན་མཐུད་བཏང་བ། ཁག་དང་པོར་བཙུགས་པའི་རྒྱལ་ཁབ་སྤྱི་གླིང་ལྔའི་ནང་གཙང་གསུམ་ཆུ་འགོ་དང་བྱང་ཤར་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་ནི་དུས་བྱའི་སྐྱེ་འཕེལ་ཁུལ་གལ་ཆེན་ཡིན་པ། དུས་བྱའི་གནས་སྤོས་ཁུལ་གྱི་བགྲོད་ལམ་སྲུང་སྐྱོང་ཉམས་གསོ་དང་སྲུང་སྐྱོང་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་གཏོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་། དུས་བྱ་གནས་སྤོས་ཁུལ་གྱི་བགྲོད་ལམ་དང་འཚོ་གནས་ཁུལ་གལ་ཆེན་1140ཁ་གསལ་བཟོས་ནས། འགག་རྩའི་འཚོ་གནས་ཁུལ་821ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་དང་ཉམས་གསོ་བྱས་པ་རེད།

    གཞན་ཡང་། རང་རྒྱལ་གྱིས་ལོ་དྲུག་བསྟུད་མར“བསིལ་རླུང་བྱ་སྤྱོད”སྤེལ་བས། འབྲེལ་ཡོད་ཁྲིམས་འགལ་གྱོད་གཞིའི་གྲངས་འབོར་དང་ཁྲིམས་འགལ་ཉེས་གསོག་པའི་གྲངས་འབོར་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་། འདབ་ཆགས་སོགས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པའི་སྣང་ཚུལ་བཀག་འགོག་ནུས་ལྡན་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།