དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱས། ལང་ཚོའི་སྟོབས་ཤུགས་སྐྱེས་སུ་ཕུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-26

    ལྷོ་ཁ་ཡན་ལག་དམག་ཁུལ་ཁང་ཞིག་གིས་སྐོར་གཡེང་བྱ་ཡུལ་དུ་དམ་བཅའ་འཇོག་བཞིན་པ།

    གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཁམ་བུ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མཐའ་མཚམས་ཀྱི་འཐབ་ས་དང་པོར་རྒྱལ་དར་དང་མཉམ་དུ་པར་རྒྱག་པ།

    ཁྲང་སྒོ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་སྦག་སྦག་སྐོར་གཡེང་རུ་ཁག་གི་རུ་མི་ཚོས་སྐོར་གཡེང་གི་བར་གསེང་དུ་སྒྲ་བསྡུ་འཕྲུལ་འཁོར་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་མཉམ་དུ་ཉན་བཞིན་པ།

    གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཧོར་པ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མཐའ་མཚམས་རྡོ་རིང་ལ་བཀྲག་རྩི་དམར་པོ་བྱུག་བཞིན་པ།

    གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཁམ་བུ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མཐའ་མཚམས་སུ་སྐོར་གཡེང་བྱེད་པ།

    གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཁྱུང་རྩེ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཤང་སྲིད་གཞུང་གི་ལས་དོན་པ་དང་མཉམ་དུ་སྐོར་གཡེང་བྱེད་སྐབས་ལག་ཐོགས་ཁ་པར་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་གནས་ཚུལ་ལྟ་བཞིན་པ།

    གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་སྐྱིད་གྲོང་མཐའ་མཚམས་དོ་དམ་རུ་ཆེན་ས་ལེབ་མཐའ་མཚམས་མངགས་གཏོང་ཁང་གིས་མཐའ་མཚམས་ཀྱི་འཐབ་ས་དང་པོར་སྐོར་གཡེང་བྱེད་པ།

    ལྷོ་ཁ་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་འཐབ་འཛིང་པས་མཐའ་མཚམས་སུ་སྐོར་གཡེང་བྱེད་པ།

    མེས་རྒྱལ་གྱི་མཐའ་མཚམས་སུ་མཐའ་སྲུང་དཔོན་དམག་དང་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་ཚོས་ལྷག་བསམ་རྣམ་དག་དང་ཁྲག་དྲོན་ལ་བརྟེན་ནས་ལྕགས་དང་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་བསྐྲུན་ཡོད། ཁོང་ཚོ་ལོ་ལྟར་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པའི་གངས་ལྗོངས་ཀྱི་ས་མཐོ་དང་། ནགས་ཚལ་སྟུག་པོ་དང་འདམ་རྫབ་ཀྱི་མི་མེད་ལུང་སྟོང་དུ་བཅའ་སྡོད་བྱས་ཏེ་ས་མཚམས་ཀྱི་རྡོ་རིང་དང་མཉམ་དུ་འགྲོགས་པ་དང་ཁ་བ་བུ་ཡུག་ཁྲོད་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་བཞིན་ཡོད། དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཞི་བཅུ་ཡོད་པའི་སོ་ལྟ་ཁང་ངམ་ཡང་ན་ཚ་གདུག་ཆེ་བའི་བྱེ་ཐང་གི་མཐའ་མཚམས་སུ། ཁོང་ཚོས་ཐོག་མཐའ་བར་གསུམ་དུ་ལས་གནས་བརྟན་སྲུང་བྱས་ནས་ལང་ཚོ་དང་ཚེ་སྲོག་ལ་བརྟེན་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་ཀྱི་ཡོད།

    ཁྲག་དྲོན་ལས་གྲུབ་པའི་ལྕགས་དང་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ནི། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་སྲུང་བཅད་བརྟན་པོ་ཞིག་ཡིན་ལ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་མཚོན་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་རེད། ཁོང་ཚོའི་བརྟན་སྲུང་དང་ལེགས་སྐྱེས་ཁྲོད་མེས་རྒྱལ་གྱི་མཐའ་མཚམས་བྲག་ལྟར་བརྟན་པ་མ་ཟད། རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་ཚང་མར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།