དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་7རིང་ཀང་ཀྲུའུ་ཨའོ་ཟམ་ཆེན་སྟེང་འགྲུལ་པ་ཕར་འགྲོ་ཚུར་འོང་བྱེད་ཚད་མི་ཐེངས་ཁྲི་9300ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-10-25

    འདི་ནི་ཀང་ཀྲུའུ་ཨའོ་ཟམ་ཆེན་ཅིའུ་ཀྲོའུ་མཚོ་ཐོག་ཟམ་པ་ཡིན་པ། འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། 2018ལོའི་ཟླ་10ཚེས་23ཉིན། ཀང་ཀྲུའུ་ཨའོ་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་པ་ནས་ད་ལོའི་ཟླ་10ཚེས་22ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་པ་བར། ཀང་ཀྲུའུ་ཨའོ་ཟམ་ཆེན་ཀྲུའུ་ཧའེ་གཞུང་ལམ་གྱི་འགག་སྒོར་གཡོད་ཀང་ཨའོ་ས་གནས་གསུམ་གྱི་འགྲུལ་པ་འགྲོ་འོང་བྱེད་པའི་གྲངས་འབོར་མི་ཐེངས་ཁྲི་9334ལྷག་ཙམ་ཟིན་པ་དང་རླངས་འཁོར་ཐེངས་ཁྲི་1942ལྷག་ཙམ་ཟིན་ཡོད། སྔོན་དཔག་ལྟར་ན། ད་ལོའི་ལོ་ཧྲིལ་པོར་འགག་སྒོར་འགྲུལ་བཞུད་བྱེད་མཁན་མི་ཐེངས་ཁྲི་3000ལྷག་ཙམ་དང་རླངས་འཁོར་ཐེངས་ཁྲི་600ལྷག་ཙམ་ཟིན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།