སྒུལ་ཤུགས་གློག་རྫས་ཚུར་བསྡུའི་ཁྲོམ་རའི་གཞི་ཁྱོན་2030ལོར་སྒོར་དུང་ཕྱུར་སྟོང་ལས་བརྒལ་བཟོ་ཡོད་པ།
ཉེ་ཆར། གསར་འགོད་པས་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་འཚོགས་པའི་སྒུལ་ཤུགས་གློག་རྫས་ཚུར་བསྡུ་དང་བེད་སྤྱོད་ཚད་ལྡན་ཅན་གྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། གློག་རྫས་སྤྱོད་ཡུན་ལ་གཞིགས་ནས་ཚོད་རྩིས་བརྒྱབ་ན་རང་རྒྱལ་དུ་གཞི་ཁྱོན་ཅན་གྱི་སྒུལ་ཤུགས་གློག་རྫས་ཚུར་བསྡུ་དང་གཙང་སེལ་གྱི་དུས་མཚམས་སུ་སླེབས་ཉེར་ཡོད་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2024ལོར་རྒྱལ་ནང་དུ་སྒུལ་ཤུགས་གློག་རྫས་ཚུར་བསྡུ་བྱེད་ཚད་ཏུན་ཁྲི་30ལྷག་ཙམ་ཟིན་པ་དང་། བལྟོས་བཅས་ཀྱི་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་480ལྷག་ཙམ་ཟིན་ཡོད། སྔོན་དཔག་བྱས་ན། 2030ལོར་རྒྱལ་ནང་གི་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་སྟོང་ལྷག་ཙམ་ཟིན་བཟོ་ཡོད་པས། སྒུལ་ཤུགས་གློག་རྫས་ཚུར་བསྡུ་དང་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ནི་མིག་སྔའི་ལས་དོན་གལ་ཆེན་ཞིག་རེད།
རང་རྒྱལ་འདི་ཉིད་སྒུལ་ཤུགས་གློག་རྫས་ཐོན་སྐྱེད་ཀྱི་རྒྱལ་ཁབ་ཆེན་པོ་དང་སྤྱོད་མཁན་རྒྱལ་ཁབ་ཆེན་པོར་གྱུར་ཡོད། 2024ལོར་རང་རྒྱལ་གྱི་ནུས་གསར་རླངས་འཁོར་ཐོན་ཚད་ཁྲི་1300ལྷག་ཙམ་ཟིན་པ་དང་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ལོ་10བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྒུལ་ཤུགས་གློག་རྫས་ཚུར་བསྡུ་དང་བེད་སྤྱོད་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོར་དམིགས་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཚད་གཞི་ཞིབ་བཟོ་དང་ཁྱབ་བསྒྲགས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། སྒུལ་ཤུགས་གློག་རྫས་ཚུར་བསྡུ་དང་བེད་སྤྱོད་ཀྱི་ཐོན་ལས་འཕེལ་རྒྱས་ལ་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།