གླིང་ཕྲན་ཡོངས་ཁྲལ་སྡོམ་ལས་གཉེར་གྱི་གྲ་སྒྲིག་བྱེད་པའི་ཉིན་ཞིག
བཀྲག་མདངས་འཚེར་ས།
“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་ནས་ད་ལོའི་ཟླ་བ་དགུ་པའི་ཟླ་སྨད་བར། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་ལས་སྣོན་འཕར་ཐང་གི་སྒོ་ཁྲལ་རྩ་ཆག་སྲིད་ཇུས་ལ་བརྟེན་ནས། རིམ་རྩིས་བརྒྱབ་ན། ནང་འཚོང་བྱེད་ཚད་སྒོར་དུང་ཕྱུར་110.8ཟིན་པ་དང་། སྒོ་ཁྲལ་སྒོར་དུང་ཕྱུར་8.6རྩ་ཆག་བཏང་བ།
ཟླ་10ཚེས་20ཉིན། ཕྱུང་ཏའོ་གླིང་ཕྲན་ནུབ་བྱང་རྒྱུད་ཀྱི་དབྱང་ཕུའུ་དཔལ་འབྱོར་གསར་སྤེལ་ཁུལ་དུ། ལས་གནས་མི་འདྲ་བའི་ཐོག་གི་ལས་མི་ཚང་མས་སྤྱིར་བཏང་མིན་པའི་བྱ་གཞག་ཆེད་གྲ་སྒྲིག་ལས་དོན་སྒྲུབ་བཞིན་ཡོད། ད་ལོའི་ཟླ་བ་བཅུ་གཉིས་པར་ཧའེ་ནན་རང་མོས་ཚོད་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཁྲལ་སྡོམ་ལས་གཉེར་དངོས་སུ་འགོ་ཚུཌ་རྒྱུ་ཡིན་པ་རེད།
ཞོགས་པའི་ཆུ་ཚོད་9པར། ཁོངས་གཏོགས་ཁུལ་གྱི་ཞིབ་བཤེར་ཁྲུའི་རིམ་པ་དང་པོའི་སྲིད་འཛིན་ཁྲིམས་སྒྱུར་བ་ལི་སུང་ཚུང་གིས་གློག་ཀླད་ནས་ཁེ་ལས་ཀྱིས་ཡིག་ཐོག་སྙན་ཞུ་ཕུལ་བའི་ཞིབ་བསྡུར་གསལ་ཐོ་བཟོ་བཞིན་ཡོད། གླིང་ཕྲན་ཡོངས་ཁྲལ་སྡོམ་ལས་གཉེར་དངོས་སུ་བྱེད་འགོ་ཚུགས་ཉེའི་མཚམས་སུ། ལས་སྣོན་འཕར་ཐང་གི་ནང་འཚོང་སྒོ་ཁྲལ་རྩ་ཆག་གཏོང་བའི་ལས་སྒོ་གཉེར་མཁན་ཁེ་ལས་ཇེ་མང་དུ་འགྲོ་བཞིན་ཡོད། “ལས་སྒོའི་གོ་རིམ་འགྲེལ་བཤད་མང་པོ་བརྒྱབ་པས། ཁེ་ལས་ཀྱིས་སྲིད་ཇུས་ལ་རྒྱུས་མངའ་དེ་བས་ལོན་པ་ཚོར་གྱི་འདུག ད་ཆ་ཁེ་ལས་ཀྱི་ཡིག་ཐོག་སྙན་ཞུའི་གནད་དོན་ཐག་གཅོད་བྱེད་པའི་དུས་ཚོད་ཐུང་དུ་ཕྱིན་ཡོད” ལི་སུང་ཚུང་གིས་ཁེ་ལས་ལ་ཕན་པའི་སྲིད་ཇུས་དང་ལྟ་འདོམས་བྱ་ཐབས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པར་དཔང་པོ་བྱས་ཡོད།
2021ལོར། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་ལས་སྣོན་འཕར་ཐང་གི་ནང་འཚོང་སྒོ་ཁྲལ་རྩ་ཆག་སྲིད་ཇུས་དབྱང་ཕུའུ་ཁྲལ་སྲུང་གྲུ་ཁའི་ཁུལ་དུ་སྔོན་ལ་ལག་ལེན་བསྟར་བ་དང་། ཕྱིས་སུ་རྒྱ་སྐྱེད་བཏང་བ་བརྒྱུད་རིམ་བཞིན་གླིང་ཕྲན་ཡོངས་སུ་ཁྱབ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་ནས་ད་ལོའི་ཟླ་བ་དགུ་པའི་ཟླ་སྨད་བར། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་ལས་སྣོན་འཕར་ཐང་གི་སྒོ་ཁྲལ་རྩ་ཆག་སྲིད་ཇུས་ལ་བརྟེན་ནས་རིམ་རྩིས་བརྒྱབ་ན་ནང་འཚོང་བྱེད་ཚད་སྒོར་དུང་ཕྱུར་110.8ཟིན་པ་དང་། སྒོ་ཁྲལ་སྒོར་དུང་ཕྱུར་8.6རྩ་ཆག་བཏང་ཡོད།
ཞོགས་པའི་ཆུ་ཚོད་10པར། ཁེ་ལས་ཤིག་གི་ལས་མི་ཁྲིད་དེ་བཟོ་ཁང་ལ་ལྟ་བའི་སྐབས། དབྱང་ཕུའུ་དཔལ་འབྱོར་གསར་སྤེལ་ཁུལ་མ་འཇོག་སྐུལ་འདེད་ཅུས་ཚོང་འགུགས་ཁོའོ་དང་པོའི་ཁོའོ་ཡོན་ལི་ཀོང་ཝེ་ལ་ཁ་པར་ཞིག་འབྱོར། “ཟླ་བ་བདུན་པ་ནས་བཟུང་། ངས་ཉིན་ལྟར་འབྲེལ་བ་དང་སྣེ་ལེན་བྱེད་དགོས་པའི་ཁེ་ལས་ལྡབ་གཅིག་ཙམ་མང་དུ་ཕྱིན་འདུག”ཅེས་ལི་ཀོང་ཝེ་ཡིས་བཤད་ཅིང་། ཁོང་གིས། “ཕྱི་རྒྱལ་དུ་མ་བཅོས་རྒྱུ་ཆ་ཉོ་སྒྲུབ་དང་ཐོན་རྫས་ཕྱིར་ཚོང་བྱེད་མཁན”ཁེ་ལས་མི་ཉུང་བ་ཞིག་གིས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་ཟུར་སྦྱོར་དངོས་རྫས་ལ“སྒོ་ཁྲལ་མེད་པའི”སྲིད་ཇུས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག “ཚོང་འགུགས་ལས་ཀ་བྱེད་མཁན་གྱིས་སྔོན་ལ་རང་ཉིད་ཀྱིས་སྲིད་ཇུས་ཚང་མ་ཤེས་པ་བྱེད་དགོས། ད་གཟོད་གཞི་ནས་མི་གཞན་གྱི་ཡིད་དབང་འགུག་ཐུབ”ཅེས་བཤད།
ཧའེ་ནན་དུ་ཐོན་སྐྱེད་བྱེད་པ་དང་། རྒྱུ་ཆ་དང་ལྷུ་ལག་གོ་ལ་ཧྲིལ་པོ་ནས་ཉོ་བ་དང་ཐོན་རྫས་གོ་ལ་ཧྲིལ་པོར་འཚོང་ཞིང་། ཟུར་སྦྱོར་དངོས་རྫས་ལ“སྒོ་ཁྲལ་མེད་པའི”སྲིད་ཇུས་ལག་ལེན་བསྟར་བར་བརྟེན“ཕྱི་རྒྱལ་དུ་མ་བཅོས་རྒྱུ་ཆ་ཉོ་སྒྲུབ་དང་ཐོན་རྫས་ཕྱིར་ཚོང་བྱེད་མཁན”ཁེ་ལས་ཀྱི་ཐོན་སྐྱེད་མ་གནས་དེ་བས་དམའ་རུ་ཕྱིན་པ་དང་ཐོན་ཁུངས་བཀོད་སྒྲིག་དེ་བས་སྟབས་བསྟུན་བྱུང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་ནས་ད་ལོའི་ཟླ་བ་དགུ་པའི་ཟླ་སྨད་བར། “སྒོ་ཁྲལ་མེད་པའི”གསལ་ཐོ་གསུམ་གྱི་ནང་འདྲེན་དངོས་ཟོག་གི་དངུལ་འབོར་སྒོར་དུང་ཕྱུར་270.6ཟིན་པ་དང་། སྒོ་ཁྲལ་སྒོར་དུང་ཕྱུར་50.9ཆག་ཡང་དང་རྩ་ཆག་བཏང་ཡོད།
ཕྱི་དྲོའི་ཆུ་ཚོད་3པར། ལག་ཐོགས་ཁ་པར་དུ་ཆ་འཕྲིན་གསར་པ་ཞིག་འབྱོར། ཧའེ་ནན་རྒྱལ་སྤྱིའི་གྲུ་གཟིངས་ཐོ་འགོད་དོ་དམ་ཅུས་ཐོ་འགོད་ཞབས་ཞུ་ཁྲུའུ་ཡི་ལས་བྱེད་པ་ཝང་ཁྲེང་གིས་འཕྲལ་དུ་ཁེ་ལས་ཀྱིས་བསྐུར་བའི་གྲུ་གཟིངས་ཐོ་འགོད་ཀྱི་དཔྱད་གཞིའི་ཡིག་ཆར་བལྟས་ནས་འབྲེལ་ཡོད་འགྲོ་ལུགས་གཉེར། “ལས་ཀ་སྔོན་ལ་ཚར་བ་དང་སྔོན་ལ་ཞབས་འདེགས་ཞུས་ཚེ། གཞི་ནས་གོ་ལ་ཧྲིལ་པོར་སྐྱོད་མཁན་ཁེ་ལས་དེ་དག་ལ་དུས་ཚོད་གྲོན་ཆུང་བྱེད་ཐུབ། ཟླ་བ་གོང་མར་ཆུ་ཚོད་ཁ་ཤས་ནང་གྲུ་གཟིངས་གཅིག་གི་ཐོ་འགོད་འགྲོ་ལུགས་ཚང་མ་གཉེར་ཚར་བས་ཁེ་ལས་ཧ་ཅང་དགའ་པོ་བྱུང་ནས་གྲུ་གཟིངས་གཞན་ཞིག་ཀྱང་ཐོ་འགོད་བྱེད་རོགས་ཞེས་བརྗོད་ཀྱི་འདུག”ཅེས་ཝང་ཁྲེང་གིས་བཤད།
ཁྲལ་སྡོམ་བྱེད་པ་ནི་གླིང་ཕྲན་བཀག་སྡོམ་བྱེད་པ་ཞིག་མིན་པར། ཧའེ་ནན་གླིང་ཕྲན་གྱི་གླིང་ཕྲན་ཧྲིལ་པོ་འགག་སྒོའི་ལྟ་འདོམས་ཀྱི་དམིགས་བསལ་ཁུལ་ཁོངས་སུ་བསྐྲུན་རྒྱུ་དེ་ཡིན་ལ། མ་འཇོག་ལས་གཏོད་ཁེ་ལས་ཀྱིས་རང་མོས་ཅན་དང་སྟབས་བདེ་ཅན་གྱི་སྲིད་ཇུས་དང་ལམ་ལུགས་ཀྱི་གོ་སྐབས་དང་ཁེ་སྤོགས་ལོངས་སྤྱོད་ཐུབ་རྒྱུ་དེ་རེད། ད་ཆ་ཧའེ་ནན་དང་འཛམ་གླིང་སྦྲེལ་མཐུད་ཀྱི་གྲུ་ཁའི་ལམ་ཐིག་སྔར་བས་ཚགས་དམ་ལ། རང་མོས་ཚོང་དོན་གྲུ་ཁའི“གྲོཌ་ཚོགས”སྔར་བས་རྒྱ་ཆེར་འགྲོ་བཞིན་ཡོད། “ང་ཚོས་གྲ་སྒྲིག་ཡག་པོ་བྱས་ནས་གླིང་ཕྲན་ཡོངས་ཁྲལ་སྡོམ་ལས་གཉེར་དངོས་སུ་སྒྲུབ་པའི་ཉིན་དེ་རེ་འགུག་བྱེད་བཞིན་ཡོད”ཅེས་ཝང་ཆིང་ཞང་གིས་བཤད།
འབྲེལ་ཡོད་གསར་འགྱུར།