དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཤུགས་འགྲེམས་མེ་འཁོར་CR450ཚོད་ལྟའི་\མེ་འཁོར་གྱིས་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་453བསྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-10-25

    འདི་ནི་ཧུའུ་པེ་དབྱི་ཁྲང་གི་ཤུགས་འགྲེམས་མེ་འཁོར་བཟོ་སྐྲུན་ཁང་དུ་བཞག་པའི་ཤུགས་འགྲེམས་མེ་འཁོར་CR450ཚོད་ལྟའི་མེ་འཁོར་ཡིན་པ།

     རྐྱང་སྐྱོད་མེ་འཁོར་གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་453དང་མེ་འཁོར་གཉིས་ཕན་ཚུན་འཕྲད་སྐབས་ཀྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་896ཟིན་པ་དེ་ནི་ཤུགས་འགྲེམས་མེ་འཁོར་CR450ཚོད་ལྟའི་མེ་འཁོར་ཉེ་ཆར་ཚོད་ལྟ་བྱེད་རིང་གི་ཟིན་ཐོ་གསར་ཤོས་རེད།

    གསར་འགོད་པར་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ན་ནིང་ལོ་མཇུག་ཏུ། ཚོད་ལྟའི་མེ་འཁོར་ཐོན་སྐྱེད་བྱས་རྗེས། ཤུགས་འགྲེམས་མེ་འཁོར་CR450ཚོད་ལྟའི་མེ་འཁོར་གྱི་ཚོད་ལྟ་ཐེངས་མང་བྱས་མཐར། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་450ཟིན་པ་མ་ཟད། སྟོན་གྲངས་ཁག་ཀྱང་ཚད་ལོན་ཡོད་པ་རེད། ཤུགས་འགྲེམས་མེ་འཁོར་CR450དེ་མིག་སྔར་ཧྲང་ཧའེ་ནས་ཁྲུང་ཆིང་དང་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་བེད་སྤྱོད་དཔྱད་ཞིབ་བྱེད་བཞིན་ཡོད་པས། བླང་བྱ་ལྟར་འགྲུལ་བཞུད་སྤྱི་ལེ་ཁྲི་60ཟིན་པ་བྱས་ནས་ཤུགས་འགྲེམས་མེ་འཁོར་ཧྲིལ་པོ་དང་དེ་བཞིན་མ་ལག་ཁག་བརྟན་པོ་ཡོད་མེད་དང་བློས་འགེལ་ཆོག་མིན་ལ་རྟོག་ཞིབ་བྱེད་དགོས་ཀྱི་ཡོད་པ་རེད།

    ཀྲུང་གོ་ལྕགས་ལམ་ཚན་རིག་ཞིབ་འཇུག་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཤུགས་འགྲེམས་མེ་འཁོར་CR450གྱིས་དུས་སང་ཧྲང་ཧའེ་ནས་ཁྲུང་ཆིང་དང་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཁྲེང་ཏུའུ་ནས་ཁྲུང་ཆིང་བར་གྱི་དབུས་ཐིག་ཏུ་གཉེར་སྐྱོང་དངོས་བྱེད་པ་ལྟ་བུའི་ཕྱོགས་ཡོངས་ཀྱི་ཚོད་ལྟ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།