དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་དཔལ་འབྱོར་བརྟན་ཁྲོད་ཡར་འཕེལ་བྱུང་ནས་འཛམ་གླིང་ལ་གཏན་འཁེལ་རང་བཞིན་རྩ་ཆེན་བསྣན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2025-10-25

    ཟླ་10ཚེས་20ཉིན། ཀྲུང་གོ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་2025ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་5.2%འཕར་ཏེ་ལོ་གོང་མའི་ལོ་ཧྲིལ་པོ་དང་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.2དང་བརྒྱ་ཆའི་གྲངས་0.4སོ་སོར་མགྱོགས་སུ་ཕྱིན་ནས་ལོ་ཧྲིལ་པོའི་དམིགས་ཚད་གཙོ་བོ་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། མིག་སྔའི་འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ནུས་མི་འདང་བ་དང་བརྟན་པོ་མེད་པའི་ཁར་གཏན་འཁེལ་མེད་པའི་རང་བཞིན་ཇེ་མང་དུ་འགྲོ་བའི་རྒྱབ་ལྗོངས་འོག ཀྲུང་གོའི་དཔལ་འབྱོར་སྤྱི་ཡོངས་བརྟན་ལྷིང་དང་བརྟན་ཁྲོད་ཡར་འཕེལ་གྱི་འཕེལ་ཕྱོགས་མུ་མཐུད་རྒྱུན་འཁྱོངས་ཐུབ་སྟེ། འཛམ་གླིང་གི་དཔལ་འབྱོར་ལ་གཏན་འཁེལ་རང་བཞིན་རྩ་ཆེན་བསྣན་ཡོད།

    གོ་ལ་ཧྲིལ་པོར་བལྟས་ན། དཔལ་འབྱོར་འཕར་ཚད་5.2%ཟིན་པ་དེ་དཔལ་འབྱོར་དངོས་ཚན་སྡེ་གཞི་གཙོ་བོའི་ཁྲོད་ཀྱི་ཨང་དང་པོར་སླེབས་པས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་བརྟན་ཤོས་དང་བློས་འཁེལ་ཤོས་ཀྱི་སྒུལ་ཤུགས་འབྱུང་ཁུངས་ཤིག་རེད། འདི་ལོ་ཚུན་དུ། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཆེ་རུ་དང་ནང་ཁུལ་གྱི་དཀའ་ངལ་ཅུང་མང་བའི་རྙོག་འཛིང་ཆེ་བའི་རྣམ་པའི་འོག ཀྲུང་གོའི་དཔལ་འབྱོར་གྱིས་གནོན་ཤུགས་ཐེག་ནས་གཞི་རྩའི་གནས་ཚུལ་བརྟན་དུ་ཕྱིན་པ་མ་ཟད། འགག་རྩའི་ཁྱབ་ཁོངས་མི་ཉུང་བ་ཞིག་ལ་ད་དུང་ཚད་བརྒལ་གསར་པ་དང་ཡར་རྒྱས་གསར་པ་བྱུང་ནས་བབ་བསྟུན་དཀའ་སེལ་གྱི་ནུས་པ་གང་ལེགས་མངོན་ཡོད། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲུང་གོའི་ཚོང་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་4%འཕར་ནས་མཉེན་ཤུགས་ཧ་ཅང་ཆེན་པོ་མངོན་ཡོད།

    ཀྲུང་གོའི་དཔལ་འབྱོར་བརྟན་འཁྱོངས་མདུན་སྐྱོད་ཐུབ་དོན་གཙོ་བོ་ནི་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་ཁོར་ཡུག་ལ་འགྱུར་ལྡོག་མྱུར་པོ་འགྲོ་བའི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་བཅག་པས་རེད། གཞི་ཆེའི་སྲིད་ཇུས་ཀྱི་རང་འགུལ་བྱ་སྤྱོད་དང་གནད་སྨིན་ཤུགས་འདོན་ལ་བརྟེན་ནས། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་གོ་རིམ་ལྡན་པའི་སྒོ་ནས་འདོན་པ་དང་། ཐོན་ལས་ལེགས་སྒྱུར་རིམ་སྤོར། སྒུལ་ནུས་གསར་པ་བརྟན་པོའི་ངང་འཕར་བ། དཔལ་འབྱོར་འཁོར་རྒྱུག་གོ་རིམ་ལྡན་པའི་ངང་འཁོར་སྐྱོད། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་མཐུད་ངང་སྐུལ་མ་གཏོང་བ་བཅས་ལ་སྐུལ་འདེད་བཏང་སྟེ། མིག་སྔའི་དཔལ་འབྱོར་འཁོར་རྒྱུག་ལ“གཞི་སྒྲོམ་བརྟན་དུ”བཏང་ཡོད་ལ། ཕུགས་ཀྱི་འཕེལ་རྒྱས་ལའང་སྟོབས་ཤུགས་བསགས་པ་དང་ནུས་པ་ཆེ་རུ་བཏང་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་མཐའ་མའི་འཛད་སྤྱོད་འགྲོ་སོང་གིས་ཀྲུང་གོའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་53.5%ཟིན་ནས་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོའི་ནུས་པ་མུ་མཐུད་བཏོན་པ་དང་། “གཙོ་གཉིས”དང“གསར་གཉིས”སོགས་སྲིད་ཇུས་ཀྱི་ཕན་ནུས་མུ་མཐུད་ཐོན་སྐྱེད་ཕྱོགས་སུ་བརྒྱུད་སྤྲོད་བྱས་ཏེ། སྒྲིག་ཆས་བཟོ་སྐྲུན་དང་འཛད་ཟོག་བཟོ་སྐྲུན་གྱི་འབྲེལ་ཡོད་ལས་རིགས་དང་ཐོན་རྫས་ཐོན་སྐྱེད་ལ་སྐུལ་ཁྲིད་བྱས་ནས་ལྗང་མདོག་བཟོ་སྐྲུན་དང་གྲངས་འཛིན་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་ཐོན་སྐྱེད་རྒྱ་བསྐྱེད་དང་ལག་རྩལ་རིམ་འཇུག་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། དངོས་ཟོག་དང་། མི་སྣ། མ་དངུལ་སོགས་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་མགྱོགས་སུ་གཏོང་བ་དང་། ཐོན་ལས་འཁོར་འབྲེལ་སྡེབ་སྐྱེལ་རྒྱུན་ཆད་མེད་པར་མགྱོགས་སུ་གཏོང་བ་སོགས་འདང་ངེས་ཀྱི་སྲིད་ཇུས་བར་མཐོངས་དང་། ཆ་ལག་ཚང་བའི་སྲིད་ཇུས་མ་ལག རྒྱུན་རྣམ་ཅན་གྱི་སྲིད་ཇུས་གསོག་འཇོག་བཅས་ཀྱིས་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་བྱེད་པར་རྒྱུན་མཐུད་སྲུང་སྐྱོབ་བྱས་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་ཉེར་ཡོད་ཅིང་། ལོ་ལྔའི་རིང་། ཀྲུང་གོའི་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་ཁྲི་110དང་། སྒོར་དུང་ཕྱུར་ཁྲི་120 སྒོར་དུང་ཕྱུར་ཁྲི་130བཅས་ལས་བསྟུད་མར་བརྒལ་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བར་ལོ་རེར་ཆ་སྙོམས་ལེགས་སྐྱེས་འབུལ་ཚད་30%ཙམ་རྒྱུན་འཁྱོངས་ཐུབ་སྟེ་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད། ལོ་བརྒྱའི་འགྱུར་ལྡོག་གི་རླབས་རྒྱུན་ཁྲོད་ཀྲུང་གོས་འཕེལ་རྒྱས་ཀྱི་གཞི་ཁྱོན་བརྟན་དུ་བཏང་བ་དང་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཏིང་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རྒྱང་ལམ་གསར་པར་མུ་མཐུད་འབད་འབུངས་བྱེད་པར་རྨང་གཞི་དེ་བས་བརྟན་པོ་བཏིང་བ་དང་གདིང་ཤུགས་དེ་བས་ཆེན་པོ་བསགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།