དབྱི་ཝུའུ་རྒྱལ་སྤྱིའི་ཚོང་ཟོག་ཆུང་གྲས་ཀྱི་དངོས་མང་སྟོན་ཚོགས་སྐབས་31པ་འགོ་ཚུགས་པ།

2025ལོའི་ཟླ་10ཚེས་21ཉིན། ཀྲེ་ཅང་དབྱི་ཝུའུ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་དངོས་མང་འགྲེམས་སྟོན་ལྟེ་གནས་སུ་དུས་ཡུན་ཉིན་བཞིའི་ཀྲུང་གོའི་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་ཟོག་ཆུང་གྲས་ཀྱི་དངོས་མང་སྟོན་ཚོགས་སྐབས་31པའི་ཕྱིར་གཏོང་ཚོང་ཟོག་འགྲེམས་སྟོན་དངོས་སུ་འགོ་ཚུགས་པ་རེད། སྐབས་འདིའི་འགྲེམས་ཚོགས་ནི་ཀྲུང་གོའི་ཚོང་ལས་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོའི་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས། ཀྲེ་ཅང་ཀྲུང་གོའི་ཚོང་ཟོག་ཆུང་གྲས་གྲོང་ཁྱེར་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་སོགས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་རེད། འདི་ནི་ཀྲུང་གོའི་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་ཟོག་ཆུང་གྲས་ཀྱི་དངོས་མང་སྟོན་ཚོགས་སྐབས་31པར་ཨུ་རུ་སུ་ནས་ཡོང་བའི་ཕྱི་རྒྱལ་ཉོ་སྒྲུབ་ཚོགས་པའི་འཐུས་མིས་ཆར་འགོག་ཐོན་རྫས་ཉོ་བཞིན་པ།
འབྲེལ་ཡོད་གསར་འགྱུར།