དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཅིབ་མཐོ་སློབ་ཀྱིས་ཀྲུང་གོའི་རིག་གནས་དུས་ཆེན་གཉེར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-10-25

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། ཨེ་ཅིབ་ཀྱི་ཁེ་རོའི་པ་ཏེར་སློབ་ཆེན་གྱིས་སློབ་གྲྭར“ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན། མཛའ་གྲོགས་ཡུན་རིང་གནས་པར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་རིག་གནས་དུས་ཆེན་གཉེར་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་རིག་གནས་ཉམས་ལེན་ཁུལ་དང་ལེ་ཚན་འཁྲབ་སྟོན་སྣ་ཚོགས་ཡོད་ཅིང་། ཨེ་ཅིབ་ཀྱི་སློབ་མས་འཁྲབ་སྟོན་བྱས་པའི་ཀྲུང་གོའི་དྲག་རྩལ་ལ་དགའ་བསུ་ཆེན་པོ་ཐོབ་པ་དང་། མཉམ་འགུལ་ལྷུ་ཚིགས་སུ་ལྟད་མོ་བ་སྡིངས་ཆའི་ཐོག་གདན་དྲངས་ནས་དྲག་རྩལ་གྱི་རྨང་གཞིའི་འགུལ་སྟངས་སྦྱངས་པས་བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་འཁྲུག་པོར་གྱུར།

    ཁེ་རོའི་པ་ཏེར་སློབ་ཆེན་གྱི་སློབ་སྤྱི་ཨ་ཧྲི་ལཱ་ཧྥུ·ཤེ་ཤིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་སྐུལ་འདེད་འོག་ཨེ་ཀྲུང་རྒྱལ་ཁབ་གཉིས་པོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དཔལ་འབྱོར་ཚོང་དོན་མ་འཇོག ཚན་རྩལ་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཉིན་བཞིན་ཟབ་ཏུ་བཏང་ནས་རིག་གནས་དང་། དཔལ་འབྱོར། དམངས་སེམས་བཅས་དུས་རབས་གསར་པའི་དར་གོས་ལམ་བུ་བརྒྱུད་ནས་དམ་པོར་སྦྲེལ་ཡོད། ཨེ་ཀྲུང་ནི་མཉམ་ལས་རོགས་ཟླ་ཙམ་མ་ཟད། ཐུན་མོང་ཐོག་མདུན་སྐྱོད་བྱེད་པའི་གྲོགས་པོ་དེ་བས་ཀྱང་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།