དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི“ཡུལ་ཐོན་ཁྱད་ཐོན”ཀྲུང་གོའི་འབྱུང་འཕྲོད་བཟའ་བཅའི་འགྲེམས་ཚོགས་སུ་བཤམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-25

    ཉེ་ཆར། ཀྲུང་གོའི་འབྱུང་འཕྲོད་བཟའ་བཅའི་འགྲེམས་ཚོགས་སྐབས་ཉེར་གསུམ་པ་དང་ཀྲུང་གོ་རྒྱལ་སྤྱིའི་སྐྱེ་ལྡན་བཟའ་བཅའི་འགྲེམས་ཚོགས་སྐབས་བཅུ་དྲུག་པ་ཉིང་ཞ་དབྱིན་ཁྲོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་ཞིང་། ད་ཐེངས་ཀྱི་འགྲེམས་ཚོགས་ཐོག་རང་ལྗོངས་ཀྱིས་སྐྱེ་ལྡན་ཐོན་རྫས་ཁེ་ལས་བདུན་གྱི་མཚོན་བྱེད་རང་བཞིན་གྱི་ཐོན་རྫས་རིགས་10ལྷག་ཙམ་འགྲེམས་ཞུགས་བྱ་རྒྱུར་ལེགས་འདེམས་བྱས་པ་དང་། འགྲེམས་རྫས་ནང་ནས་དང་། ར་མོ་ཤག་ཆེན། ཀོ་ཤ ཤ་མོ་བཅས་ཚུད་ཡོད། དེ་དག་ལས་བོད་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་སྐྱེད་སྲིང་དང་། ལས་སྣོན་ཞིབ་ཚགས། སྤུས་རྟགས་འཛུགས་སྐྱོང་སོགས་ཐད་ཀྱི་ཕན་འབྲས་མངོན་པར་བྱས་ཡོད།

    དུས་མཉམ་དུ་སྤེལ་བའི“་ཞིང་ཟོག་གླེང་མོལ”བྱེད་སྒོའི་ཐོག 《སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་དཔེ་མཚོན》གྱི་སྙན་ཞུ་ཡོངས་བསྒྲགས་བྱས་ཤིང་། རང་ལྗོངས་ཀྱི་ཉིང་ཁྲིའི་ཅིང་བོད་གངས་ལྗོངས་ཇ་ལོ་ཚད་ཡོད་ཀུང་སི་དང་། ཉིང་ཁྲི་གྲོང་ཁྱེར་ཡིད་འོང་ཇོ་རིའི་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི། བོད་ལྗོངས་དཔྱིད་དཔལ་བཟའ་བཅའ་ཚད་ཡོད་ཀུང་སི། བོད་ལྗོངས་ཆེས་བྲིན་ནས་རྒྱུ་བདེ་ཐང་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཁེ་ལས་4ལ“སྤུས་རྟགས་དཔེ་མཚོན”གྱི་མཚན་སྙན་ཐོབ་ཡོད།

    རང་རྒྱལ་དུ་འཕེལ་རྒྱས་ཅུང་འགོར་བའི་འབྱུང་འཕྲོད་སྐྱེ་ལྡན་བཟའ་བཅའི་ཞིང་ཆེན་ཡིན་པའི་བོད་ཀྱིས་མིག་སྔའི་བར་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་ཁག་7བསྐྲུན་པ་དང་ཁས་ལེན་དཔང་འདོན་རྒྱ་ཁྱོན་མུའུ་ཁྲི་850.24ཟིན་ནས་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད། ལྗོངས་ཡོངས་ཀྱི་འབྱུང་འཕྲོད་བཟའ་བཅའ་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་བཅས་དང་དེ་བཞིན་རྒྱལ་ཡོངས་ཀྱི་གྲགས་ཅན་དང་། ཁྱད་ལྡན། སྤུས་ལེགས། གསར་དར་བཅས་ཀྱི་ཞིང་ལས་ཐོན་རྫས་བསྡོམས་འབོར་459ཡོད་པའི་ནང་། འབྱུང་འཕྲོད་བཟའ་བཅའ་ཁག་234དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས་ཁག་110 རྒྱལ་ཡོངས་ཀྱི་གྲགས་ཅན་དང་། ཁྱད་ལྡན། སྤུས་ལེགས། གསར་དར་བཅས་ཀྱི་ཞིང་ལས་ཐོན་རྫས་ཁག་76 ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཁག་39བཅས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།