དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྗོངས་ཡོངས་ཀྱི་རྒན་གསོ་དང་། ལས་རྨས། ལས་ཤོར་འགན་བཅོལ་བཅས་ནང་ཞུགས་མཁན་གྱི་མི་གྲངས་བསྡོམས་འབོར་མི་ཐེངས་ཁྲི་382.67ཟིན་པ།

    “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་མི་ཐེངས་ཁྲི་94.87མང་དུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-25

    གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གི“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་དྲུག་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་ཟླ་9པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་རྒན་གསོ་དང་། ལས་རྨས། ལས་ཤོར་འགན་བཅོལ་བཅས་ནང་ཞུགས་པའི་མི་གྲངས་བསྡོམས་འབོར་མི་ཐེངས་ཁྲི་382.67ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་མི་ཐེངས་ཁྲི་94.87མང་དུ་ཕྱིན་ནས་འཕར་ཚད་32.96%ཟིན་པ་དང་། རིམ་པ་མང་བའི་འགན་ལེན་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། ཞབས་ཞུའི་ཕན་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། དམངས་ཕན་གྲུབ་འབྲས་རྒྱུན་མཐུད་མངོན་གསལ་དོད་དུ་ཕྱིན་པ་བཅས་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་ངོ་60ཡི་རིང་། བོད་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་མེད་པ་ནས་ཡོད་པའི་བར་ཕྱོགས་ཡོངས་ནས་བསྐྲུན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་གཞི་རྩའི་རྒན་གསོ་འགན་བཅོལ་དང་། ལས་རྨས་འགན་བཅོལ། ལས་ཤོར་འགན་བཅོལ་བཅས་ཞིང་ཆེན་རིམ་པའི་སྤྱི་འདོམས་ཕྱོགས་ཡོངས་ནས་རྒྱལ་ཡོངས་ནང་སྔོན་ལ་མངོན་འགྱུར་བྱས་པ་དང་།  ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་དང་གཅིག་གྱུར་བྱུང་བ། ཐེབས་རྩ་སྙོམས་སྒྲིག་གི་ནུས་པ་དང་དོ་དམ་ལས་ཆོད་སྐས་རིམ་གསར་པར་སླེབས་པ་དང་། འགན་བཅོལ་ནང་ཞུགས་པའི་གྲུབ་ཆར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་སྟེ། ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་མི་གྲངས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་མི་ཁྲི་18.2མང་དུ་ཕྱིན་ནས་འཕར་ཚད་71.77%ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་2014ལོ་ཚུན་དུ་བསྟུད་མར་ཐེངས་13མཐོ་རུ་བཏང་ནས་2025ལོར་མི་རེར་ཟླ་རེར་སྒོར་295ཟིན་ཏེ་རྒན་རྒོན་གྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་ཐུབ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རིམ་རྩིས་བརྒྱབ་ན་ཚབ་སྤྲོད་བྱེད་ཚད་མི་ཐེངས་ཁྲི་124.90ལྷག་ཙམ་ལ་ཁྱབ་པ་དང་། ཚབ་སྤྲོད་མ་དངུལ་སྒོར་དུང་ཕྱུར་1.25ཟིན་ཡོད། དེ་དང་ཆབས་ཅིག“འགོག་སྲུང་བཞིའི་མཐུན་སྦྱོར”ལམ་སྲོལ་གསར་གཏོད་ངང་བཙུགས་པ་དང“གྲངས་གཞི་ཆེན་པོ་དང་ངོ་རིས་ངོས་འཛིན”ཟུང་དུ་འབྲེལ་བའི་རིག་ནུས་ལྟ་སྐུལ་ཚོད་འཛིན་མ་ལག་ལ་བརྟེན་ནས། བདེ་འཇགས་དྲ་བ་ཚགས་དམ་དུ་བཏང་སྟེ། མང་ཚོགས་ཀྱི“རྒན་གསོའི་དངུལ”དང“སྲོག་སྲུང་དངུལ”སྲུང་སྐྱོང་ཏན་ཏིག་བྱས་ཡོད། རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་གཱ་རབས་གསུམ་པའི་ཁུལ་ཁོངས་ཀྱི་ཐེམ་ཐོའི་མི་འབོར་ཡོངས་ཁྱབ་ས་ཁུལ་འབའ་ཞིག་དེ་ཡིན་པའི་རང་ལྗོངས་སུ་སྤྱི་ཚོགས་འགན་སྲུང་གཱ་ཁྱབ་ཚད་98.57%ཟིན་པ་དང་། གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་མི་འབོར་96.6%ལ་ཁྱབ་ཡོད་ལ། རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་1503.14ལ་སྤྱི་ཚོགས་འགན་སྲུང་གཱ་བརྒྱུད་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་དང་ཞིང་ཕན་དམངས་ཕན་གྱི་དངུལ་སྒོར་དུང་ཕྱུར་428.67ལྷག་ཙམ་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།