རྒྱལ་སྤྱིའི་དམག་དོན་ལུས་རྩལ་སྐབས་54པའི་མཚོ་དམག་གི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ཁག་ལྔ་ཝུའུ་ཧན་དུ་འགོ་ཚུགས་པ།

ཉེ་ཆར། རྒྱལ་སྤྱིའི་དམག་དོན་ལུས་རྩལ་སྐབས་54པའི་མཚོ་དམག་གི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ཁག་ལྔ་ཧུའུ་པེ་ཝུའུ་ཧན་དུ་འགོ་ཚུགས་པ་རེད། འགྲན་བསྡུར་དེ་ཚེས་20ཉིན་མཚོ་དམག་འདུ་འགོད་སློབ་ཆེན་མུའུ་ལན་མཚོའི་སློབ་ཁུལ་དུ་གཉེར་བ་དང་སྐབས་འདིའི་འགྲན་བསྡུར་གྱི་དུས་ཡུན་ཉིན་5ཡིན་པ་མ་ཟད། འགག་སྒྲོལ་འགྲན་བསྡུར་དང་། སྲོག་སྐྱོབ་ཆུ་རྐྱལ་འགྲན་བསྡུར། གོ་ཆོད་ཆུ་རྐྱལ་འགྲན་བསྡུར། མཚོ་འགྲུལ་ལག་རྩལ་འགྲན་བསྡུར། སྐམ་ཆུ་གཉིས་ཀྱི་བྱེས་བགྲོད་འགྲན་བསྡུར་བཅས་ཀྱི་རྣམ་གྲངས་ཚུད་ཡོད། སྐྱེས་པ་དང་བུད་མེད་ཀྱི་མི་སྒེར་གྱི་འགྲན་བསྡུར་དང་ཚོགས་པའི་འགྲན་བསྡུར་གཉིས་སུ་ཕྱེ་ཡོད་པ་དང་། ཁྱོན་རྒྱལ་ཁབ་9ཡི་ལུས་རྩལ་པ་100ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད།
འདི་ནི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།