ཧོ་ནན་ཀྲེང་ཀྲོའུ་ཡིས་ལྕགས་ལམ་དང་མཚོ་ཐོག་སྐྱེལ་འདྲེན་ཟུང་འབྲེལ་གྱིས་རླངས་འཁོར་ཕྱིར་གཏོང་ལ་རམ་འདེགས་བྱེད་པ།

2025ལོའི་ཟླ་10ཚེས་21ཉིན། ཀྲུང་གོ་ལྕགས་ལམ་ཀྲེང་ཀྲོའུ་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་ཕུའུ་ཐེན་ས་ཚིགས་སུ་གནས་པའི་ཀྲུང་གོ་ལྕགས་ལམ་དམིགས་བསལ་དངོས་ཟོག་ལས་སྒྲུབ་ཁུལ་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ནས་ཚོང་ཟོག་རླངས་འཁོར་མེ་འཁོར་ནང་བླུག་བཞིན་ཡོད་ཅིང་། ཚོང་ཟོག་རླངས་འཁོར་དེ་དག་ལན་ཡུན་གྲུ་ཁ་བརྒྱུད་མཐར་སི་ཕེན་དུ་དབོར་རྒྱུ་རེད། ཉིན་ཤས་བསྟུད་མར། ཀྲུང་གོ་ལྕགས་ལམ་དམིགས་བསལ་དངོས་ཟོག་ཀྲེང་ཀྲོའུ་ཡན་ལག་ཀུང་སིར་ཚོང་ཟོག་རླངས་འཁོར་ཕྱིར་གཏོང་སྐྱེལ་འདྲེན་བྱེད་མང་ཤོས་ཀྱི་དུས་སུ་སླེབས་པས། ལན་ཡུན་གྲུ་ཁ་སོགས་སུ་མེ་འཁོར་མང་དུ་བཏང་སྟེ“ལྕགས་ལམ་དང་མཚོ་ཐོག་སྐྱེལ་འདྲེན་ཟུང་འབྲེལ”གྱི་མཉམ་འབྲེལ་སྐྱེལ་འདྲེན་རྣམ་པའི་ཐོག་ནས་ཚོང་ཟོག་རླངས་འཁོར་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་90ལྷག་ཙམ་ལ་ཕྱིར་ཚོང་བྱེད་ཀྱི་ཡོད།
འདི་ནི་ཚོང་ཟོག་རླངས་འཁོར་ཆེད་གཏོང་མེ་འཁོར་ནང་བླུག་བཞིན་པ།
འབྲེལ་ཡོད་གསར་འགྱུར།