དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “གོ་ལ་ཧྲིལ་པོའི་རང་མོས་ཁུལ་འཕེལ་རྒྱས་ལ་རམ་འདེགས་བྱེད་པ”

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ​ ཏུང་ཙེ་དབྱང་།   |     སྤེལ་དུས།  2025-10-23

    ཧའེ་ནན་རང་མོས་ཚོད་དོན་གྲུ་ཁའི་གླིང་ཕྲན་ཡོངས་དངོས་སུ་ཁྲལ་སྡོམ་ལས་གཉེར་བྱེད་འགོ་ཚུགས་ཉེར་ཡོད་པའི་མཚམས་སུ། འཛམ་གླིང་རང་མོས་ཁུལ་རྩ་འཛུགས་ཚོགས་ཆེན་སྐབས་བཅུ་གཅིག་པ་ཉེ་ཆར་ཧའེ་ནན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་ཤིང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་70ལྷག་ཙམ་གྱི་ལས་རིགས་ཀྱི་འཐུས་མི་དང་རིགས་གཅིག་མཁས་ཅན་ཚོགས་འདུར་ཞུགས་ཡོད། ཚོགས་ཞུགས་སྐུ་མགྲོན་གྱིས་རང་མོས་ཁུལ་ནི་དཔལ་འབྱོར་འཕེལ་རྒྱས་དང་། ཐོན་ལས་སྣ་མང་ཅན། དེ་བཞིན་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་སྒུལ་ཤུགས་སྟོབས་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེའི་སྒོ་མོ་གལ་ཆེན་ཞིག་ཀྱང་ཡིན་པའི་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁས་དེང་རབས་རང་མོས་ཁུལ་གྱི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་གང་ལེགས་མངོན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཚོགས་ཆེན་དེ་ཀྲུང་གོར་ཚོགས་ཐེངས་དང་པོ་ཡིན་ཞིང་། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“རང་མོས་ཁུལ་ནི་གོ་ལ་ཧྲིལ་པོའི་དར་རྒྱས་དང་། ཚོང་དོན། རྒྱུན་མཐུད་ཆོག་པའི་གསར་གཏོད་བཅས་ཀྱི་ཕྱོགས་སུ་སྐྱོད་པའི་རྒྱལ་སྒོ་ཞིག་ཡིན”ཞེས་པ་དེ་རེད། འཛམ་གླིང་རང་མོས་ཁུལ་རྩ་འཛུགས་ཀྱི་ཀྲུའུ་ཞི་མུའུ་ཧན་མོ་ཏེ·ཨ་ཀྲ་ལུའུ་ཉི་ཡིས། ཀྲུང་གོའི་རང་མོས་ཚོང་དོན་གྲུ་ཁ་ཡིན་པའི་ཧའེ་ནན་གྱིས་འཛམ་གླིང་ལ་ལམ་ལུགས་གསར་གཏོད་དང་། ལྗང་མདོག་དཔལ་འབྱོར། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་བཅས་དང་དེ་བཞིན་གོ་ལ་ཧྲིལ་པོའི་མཉམ་ལས་ཀྱི་གལ་ཆེའི་རང་བཞིན་མངོན་པར་བྱས་ཡོད། ཚོགས་ཆེན་འདི་གར་འཚོཌ་པ་དེས་གོ་ལ་ཧྲིལ་པོའི་རང་མོས་ཁུལ་གྱི་མཉམ་ལས་དང་སྤེལ་རེས་ལ་སྐུལ་འདེད་གཏོང་བར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད་ཅེས་བརྗོད།

    “རང་མོས་ཁུལ‘ཚོང་དོན་ལ་སྐུལ་འདེད་གཏོང་མཁན’ནས‘དེ་བས་མཉེན་གཤིས་ལྡན་པའི་སྒྲོམ་གཞི་འཛུཌ་མཁན’དུ་འགྱུར་བཞིན་ཡོད་པ་དང་། དེང་རབས་ཀྱི་རང་མོས་ཁུལ་ནི་དངུལ་རྩ་དང་ཟོག་འགྲེམས་སོགས་ཀྱི་གཙོ་རྒྱུ་རང་མོས་འཁོར་རྒྱུག་བྱེད་པའི་སྐྱེ་ཁམས་མ་ལག་ཅིག་དང་འདྲ་པོ་ཡོད”ཅེས་འཛམ་གླིང་མ་འཇོག་ཚོགས་ཆེན་ལག་བསྟར་ཨུ་ལྷན་གྱི་ཀྲུའུ་ཞི་ཀྲན་ཞའོ་ཉིང་གིས་བརྗོད།

    འགོ་ཚུགས་མཛད་སྒོ་མ་འཚོག་གོང་བསྟན་པའི་དྲིལ་བསྒྲགས་བརྙན་ཐུང་ནས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་དཔལ་འབྱོར་འཕེལ་རྒྱས་དང་ཕྱི་ཕྱོགས་སྒོ་དབྱེའི་གྲུབ་འབྲས་རེ་རེ་བཞིན་མངོན་པ་དང་། ཆེད་དོན་གླེང་སྟེགས་མ་བྱས་གོང་གི་འགོ་ཚུགས་འོས་སྦྱོར་ཁྲོད་ལྗང་མདོག་ཐཱན་ཉུང་དང་། དཔྱ་ཁྲལ་རྩ་ཆག་ཚོང་གྲོང་། རྒྱལ་སྒྲོལ་དྲ་ཚོང་སོགས་ཀྱི་རྣམ་གྲངས་རེ་རེ་བཞིན་འགྲེམས་སྟོན་བྱས་ཤིང་། ཚོགས་ཆེན་ཐོག་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་ངོ་སྤྲོད་གང་སར་མཐོང་རྒྱུ་ཡོད་པས། ཚོགས་ཞུགས་སྐུ་མགྲོན་ཚོའི་ཡིད་དབང་འཕྲོག་པ་མ་ཟད། མཉམ་ལས་ཀྱི་གོ་སྐབས་འཚོལ་བའི“ལས་སྟེགས”ཤིག་ཏུ་དེ་བས་གྱུར་ཡོད།

    ཁོ་ལོམ་པི་ཡའི་ཨ་ལོ་ཧོ·དབྱི་པཱ་ལཱ་རྒྱལ་སྤྱིའི་ཚོང་དོན་བློ་འདྲི་ཀུང་སིའི་ཙུང་ཚའེ་མཱ་ཏིང·དབྱི་པཱ་ལཱ་ཡིས། ང་དུས་རབས་གོང་མའི་ལོ་རབས་80པར་ཀྲུང་གོར་ཡོང་ནས་ཧྲེན་ཀྲེན་ཚུད་པའི་དཔལ་འབྱོར་དམིགས་བསལ་ཁུལ་གྱིས་ལྕག་སྐུལ་བྱ་ཐབས་ལ་བརྟེན་ནས་ཚོང་དོན་མཉམ་ལས་ལ་སྐུལ་འདེད་ཇི་ལྟར་བཏང་བའི་ཐད་བརྟག་ཞིབ་བྱས་མྱོང་། སྐབས་འདིའི་ཚོགས་ཆེན་ནས་ལྗང་མདོག་ནུས་རྒྱུ་གསར་སྤེལ་དང་གྲངས་གཞིའི་ལྟེ་གནས་འཛུགས་སྐྱོང་སོགས་ཀྱི་ཐད་ཧའེ་ནན་ལ་ཐོབ་པའི་གྲུབ་འབྲས་ཟབ་མོ་ཤེས་རྟོགས་བྱུང་། འབྱུང་འགྱུར་འབྲེལ་ཡོད་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བརྗོད།

    སྐབས་འདིའི་ཚོགས་ཆེན་ལ་མཉམ་ལས་མང་པོར་མིང་རྟགས་བཀོད་ཅིང་། ཨན་ཀོ་ལ་དང་ཨ་ཀེན་ཐིན་སོགས་རྒྱལ་ཁབ་ཀྱི་རང་མོས་ཁུལ་གྱི་འཐུས་མིས་ཧའེ་ཁོའུ་ཧྥུའུ་ཤིང་གྲོང་ཁྱེར་དྲ་སྦྲེལ་ཆ་འཕྲིན་ཐོན་ལས་གླིང་སོགས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་གླིང་གི་འཐུས་མི་དང་གྲངས་གཞི་རྒྱལ་སྒྲོལ་འཁོར་རྒྱུག་མཉམ་ལས་ལ་སྐུལ་འདེད་གཏོང་བའི་བསམ་ཤེས་བརྗེད་ཐོར་མཉམ་དུ་མིང་རྟགས་བཀོད་ཡོད། འཛམ་གླིང་ཚོང་དོན་ལྟེ་གནས་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་སྤུས་རྟགས་དེ་བས་མང་བ་ཧའེ་ནན་དུ་ནང་འདྲེན་བྱས་ཏེ། གོ་ལ་ཧྲིལ་པོའི་རྩེར་སོན་འཛད་སྤྱོད་སྤུས་རྟགས་བསྡུ་འགྲེམས་ལྟེ་གནས་གཏོད་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།