ལྷོ་ཨ་ཧྥེ་རི་ཁས་ཨ་སྒོར་དུང་ཕྱུར་1200ལྷག་ཙམ་བཏང་ནས་ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་རྩིས་ཡོད་པ།
ཚེས་19ཉིན། ལྷོ་ཨ་ཧྥེ་རི་ཁའི་གློག་ཤུགས་དང་ནུས་རྒྱུ་པུའི་པུའུ་ཀྲང་ལཱ་མོ་ཧའོ་ཕ་ཡིས་ལྷོ་ཨ་ཧྥེ་རི་ཁའི་ནང་བློན་ཁང་གིས་ཉིན་ཤས་གོང་གྲོས་འཆམ་བྱུང་བའི་2025ལོའི་ཕྱོགས་བསྡུས་ནུས་རྒྱུའི་འཆར་གཞི་ཁྱབ་བསྒྲགས་བྱས་ཏེ། སྲིད་གཞུང་གིས་ལན་ཐེ་དུང་ཕྱུར་ཁྲི་2.2(ཨ་སྒོར་དུང་ཕྱུར་1267ཙམ་དང་མཚུངས་པ)བཏང་ནས་ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་དེའི་དུས་ཡུན་རིང་པོའི་གློག་ཤུགས་མི་འདང་བའི་གནད་དོན་ཐག་གཅོད་བྱ་རྩིས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
ལཱ་མོ་ཧའོ་ཕ་ཡིས་ངོ་སྤྲོད་བྱས་པར་གཞིཌ་ན། འཆར་གཞི་དེ་ལག་ལེན་བསྟར་རྗེས། 2039ལོར་སླེབས་སྐབས་ལྷོ་ཨ་ཧྥེ་རི་ཁའི་བསྐྱར་སྐྱེས་ཆོག་པའི་ནུས་རྒྱུ་དང་། རང་བྱུང་སོལ་རླངས། ཉིང་རྡུལ་ནུས་པ་བཅས་ཀྱི་གློག་འདོན་ཚད་རྡོ་སོལ་ལས་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད། སྐབས་དེར། ལྷོ་ཨ་ཧྥེ་རི་ཁའི་རྡོ་སོལ་གློག་འདོན་གྱིས་བཟུང་བའི་བསྡུར་ཚད་མིག་སྔའི་58%ནས་27%བར་ཆག་རྒྱུ་དང་། རླུང་ནུས་གློག་འདོན་གྱིས་བཟུང་བའི་བསྡུར་ཚད་8%ནས་24%བར་འཕར་རྒྱུ། ཉི་ནུས་འོད་ཤུགས་གློག་འདོན་གྱིས་བཟུང་བའི་བསྡུར་ཚད་10%ནས་18%བར་འཕར་རྒྱུ། ཉིང་རྡུལ་ནུས་པའི་གློག་འདོན་གྱིས་བཟུང་བའི་བསྡུར་ཚད་2%ཙམ་ནས་5%བར་འཕར་རྒྱུ་ཡིན་པ་རེད། གཞན་ཡང་། ལྷོ་ཨ་ཧྥེ་རི་ཁས་ད་དུང་རང་བྱུང་སོལ་རླངས་གློག་འདོན་ཐེངས་དང་པོ་ལག་བསྟར་བྱ་རྒྱུ་ཡིན་པ་དེས་བཟུང་བའི་བསྡུར་ཚད་11%ཟིན་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།