དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཚལ་རྔ་འགག་མཚོ་ངོགས་སུ་ཉ་ལས་གཉེར་བར་བྲེལ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-10-23

    འདི་ནི་ཉེ་དུས་པར་བརྒྱབ་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གི་ཆབ་ཆ་མཚོ་ཁུག་གྲམ་ཐང་ཡུལ་སྐོར་སྤྲོ་གསེང་གྲོང་ཚོ་ཡིན་པ།

    འདི་ནི་ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཚལ་རྔ་གྲོང་གསར་ཚལ་རྔ་འགག་མཚེའུ་ཡི་ཉ་ལས་མཉམ་ལས་ཁང་དུ་ལས་མིས་ཉ་ཚགས་རྒྱག་བཞིན་པ།

    མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྨ་ཆུའི་སྟོད་རྒྱུད་དུ་གནས་པའི་ཚལ་རྔ་འགག་ཆུ་མཛོད་ཁུལ་གྱིས་ཆུ་མཛོད་ཁུལ་གྱི་ཕུན་སུམ་ཚོགས་པའི་ཆུ་གྲང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་བཟང་པོར་བརྟེན་ནས། ཡུལ་དེ་གར་དངུལ་མདོག་ཉ་ཆུང་གསོ་བའི་ཁྱད་ལྡན་ཉ་ལས་འཕེལ་རྒྱས་བཏང་བ་རེད། ལོ་རེའི་ཟླ་བ་བརྒྱད་པའི་ཟླ་མཇུག་ནས་ཟླ་བ་བཅུ་གཅིག་པའི་ཟླ་མཇུག་བར་ནི་དངུལ་མདོག་ཉ་ཆུང་འཛིན་པའི་དུས་ཚིགས་ཡིན་ཞིང་། ཉ་པ་ཚོས་ཉ་བཟུང་གློག་སྒྲོན་སྤྱད་དེ་ཐོ་རེངས་སུ་ཉ་འཛིན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།