དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་དང་། མཚོ་སྔོན། ཤིན་ཅང་བཅས་ལ་ཕྱོགས་པའི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་ལས་བསྡུའི་བྱེད་སྒོ་སྐབས་བཅོ་ལྔ་པ་མཚོ་སྔོན་དུ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-10-23

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མི་སྤྱི་པུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་དང་སློབ་གསོ་པུའུ་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་དང་། མཚོ་སྔོན། ཤིན་ཅང་བཅས་ལ་ཕྱོགས་པའི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་ལས་བསྡུའི་བྱེད་སྒོ་སྐབས་བཅོ་ལྔ་པ་སྤེལ་འགོ་ཚུགས་པའི་མཛད་སྒོ་གཉེར་བ་དང་སྦྲགས། མཚོ་སྔོན་མི་རིགས་སློབ་ཆེན་དུ་ས་གནས་ས་ཐོག་གི་ལས་བསྡུའི་འདུ་ཚོགས་གཉེར་ཏེ་ཀྲུང་དབྱང་ཁེ་ལས་དང་ས་གནས་ཀྱི་གཞུང་ཁོངས་ཁེ་ལས་བརྒྱ་ལྷག་ཙམ་ཞུགས་ནས་མཚོ་སྔོན་གྱི་མཐོ་སློབ་སློབ་ཐོན་སློབ་མར་ལས་གནས་8000ལྷག་ཙམ་མཁོ་འདོན་བྱས་པ་དེ་ནུས་རྒྱུ་གསར་པ་དང་། རྡོ་སྣུམ་རྫས་འགྱུར་བཟོ་ལས། ས་གཤིས་རྩད་ཞིབ། གློག་རྡུལ་ཆ་འཕྲིན་སོགས་ཀྱི་ལས་རིགས་ཚུད་ཡོད་པ་རེད།

    ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་དང་། མཚོ་སྔོན། ཤིན་ཅང་བཅས་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ཕྱོགས་པའི་ཆེད་དོན་ལས་བསྡུའི་བྱེད་སྒོ་དེ་ནི་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་ཐབས་གལ་ཆེན་ཞིག་དང་། ཀྲུང་དབྱང་གི་བོད་སྐྱོར་དང་། མཚོ་སྐྱོར། ཤིན་སྐྱོར་བཅས་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཞིབ་ཕྲ་ཞིག་རེད་ལ། མི་རིགས་ས་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་རེད། ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་དང་། མཚོ་སྔོན། ཤིན་ཅང་བཅས་ལ་ཕྱོགས་པའི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་ལས་བསྡུའི་བྱེད་སྒོ་སྐབས་བཅོ་ལྔ་པའི་གཅིག་གྱུར་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་ཞིང་ཆེན་གཞུང་རྒྱུ་ཨུ་ལྷན་དང་། སློབ་གསོ་ཐིང་། མཚོ་སྔོན་མི་རིགས་སློབ་ཆེན་སོགས་འབྲེལ་ཡོད་སྡེ་ཚན་དང་མཐོ་སློབ་བཅས་དང་མཉམ་དུ་གྲ་སྒྲིག་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་རེད། ཀྲུང་དབྱང་ཁེ་ལས་དང་གཞུང་ཁོངས་ཁེ་ལས་ཀྱི་ཚོགས་འདུར་ཞུགས་མཁན་གྱི་མིང་ཐོ་ཡག་པོ་བཀོད་དེ། ཁེ་ལས་ཀྱི་ལས་བསྡུའི་དགོས་མཁོ་དང་ཚོགས་ཞུགས་མི་སྣ་སོགས་ཀྱི་ཆ་འཕྲིན་གསེད་བཀྲོལ་དང་ཕྱོགས་བསྡུས་ཀྱིས་ལས་མི་བསྡུ་ཡུལ་གྱི་བྱེད་ནུས་ཁུལ་འཆར་འགོད་བྱེད་པ་དང་། བཟའ་བཅའ་དང་། ཞག་སྡོད། འགྲིམ་འགྲུལ་སོགས་ཐད་སྣེ་ལེན་ཡག་པོ་ཞུས་ནས་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་པར་འགན་ལེན་བྱས་པ་རེད།

    ད་ཐེངས་ཀྱི་ས་གནས་ས་ཐོག་གི་ལས་བསྡུའི་འདུ་ཚོགས་མཚོ་སྔོན་མི་རིགས་སློབ་ཆེན་ཏུང་ཤུས་སློབ་ཁུལ་གླིང་ཕྲན་རིག་གནས་ལུས་རྩལ་ཁང་དུ་བཀོད་སྒྲིག་བྱས་པ་དང་། “སྲིད་ཇུས་ཡོད་པ་དང་། ལས་གནས་ཡོད་པ། མཛུབ་ཁྲིད་ཡོད་པ”བཅས་ཀྱི་ཞབས་ཞུའི་དམིགས་ཚད་ལ་དམིགས་ཏེ། ལས་མི་བསྡུ་ཡུལ་དུ་ལས་ཞུགས་ཞབས་ཞུའི་ཆེད་ཁུལ་དང་ལས་བསྡུའི་ཆེད་ཁུལ་གཉིས་སུ་ཕྱེ་ནས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་སྐོར་གྱི་མཚོ་སྔོན་ཞིང་ཆེན་གྱི་ཁ་གསབ་དང་ཡིག་ཚགས་བསྡུ་ལེན་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་ལ་གཅིག་སྡུད་ཐོག་གསལ་འགྲེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།