དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-23

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་ནན་བཤད་གནང་དོན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་མུ་མཐུད་གཏོང་བར་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་། གཙོ་གནད་འགག་སྒྲོལ་དང་མཐུན་སྦྱོར་བཅོས་སྐྱོང་། རང་བྱུང་སླར་གསོ་དང་མི་ཐབས་ཉམས་གསོ། ཕྱི་ཕྱོགས་ཀྱི་ཚོད་འཛིན་དང་ནང་སྐྱེས་སྒུལ་ཤུགས།“ཐཱན་གཉིས”ཀྱི་ཁས་ལེན་དང་རང་བདག་བྱ་སྤྱོད་བཅས་འབྲེལ་བ་གལ་ཆེན་ལྔ་ཐག་གཅོད་ཡང་དག་བྱེད་དགོས། དེའི་ནང་གི་འབྲེལ་བ་གལ་ཆེན་དང་པོ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུ་དེ་རེད། བླང་བྱ་དེ་བོད་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

    བོད་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་ཞིག་ཡིན་པའི་ངོས་ནས་དེའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དེ་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད་ལ། རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་དང་ཡང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུ་ངོ་མས་བཀོད་སྒྲིག་བཅས་གནང་སྟེ། ང་ཚོར་ཕྱོགས་ཡོངས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་སུ་བརྩིས་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་། ལོ་རྒྱུས་རང་བཞིན་གྱི་ཕན་འབྲས། མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་བཅས་ཐོབ་པར་སྐུལ་འདེད་བཏང་ཡོད། བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ་དང་དེ་ཡང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱས་པ་ལས་བྱུང་བ་ཞིག་རེད།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ནི་ཕན་ཚུན་ཁ་གསབ་དང་ཆར་པ་ཆུ་གྲོགས་ལྟ་བུ་ཡིན་ཞིང་། ཆུ་ཚད་མཐོ་བའི་སྲུང་སྐྱོང་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ན་གཞི་ནས་མངོན་འགྱུར་བྱེད་ཐུབ། དཔེར་ན། རང་བྱུང་གི་ནགས་ཚལ་ས་ཁུལ་དུ་མང་ཚོགས་ཀྱིས་ཕུན་སུམ་ཚོགས་པའི་ནགས་ཚལ་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ཡག་པོར་བརྟེན་ནས་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་བཏང་བས། ནགས་ཚལ་ཐོན་ཁུངས་ལ་གཏོར་སྐྱོན་བྱུང་མེད་པ་མ་ཟད། དངོས་དངོས་རྗེན་རྗེན་གྱི་ཡོང་འབབ་ཀྱང་རག་ཡོད། གཞན་ཡང་། རང་ལྗོངས་ཀྱིས་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་བྱེ་སར་ཀུ་ཤུ་འདེབས་འཛུགས་ཀྱི་རྣམ་གྲངས་སྤེལ་བ་དེས་རླུང་འགོག་བྱེ་འཇགས་བྱུང་བ་མ་ཟད། ས་གནས་དེ་གའི་ལས་ཞུགས་དང་དཔལ་འབྱོར་འཕེལ་རྒྱས་སོགས་ལ་སྐུལ་ཁྲིད་ཀྱང་ཐུབ་ཡོད། དེ་དག་ཚང་མ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད།

    “མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བར་འབུལ་བའི་ལེགས་སྐྱེས་ཆེ་ཤོས་ཤིག་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མངགས་བཅོལ་ཟབ་མོ་གནང་ཡོད། ང་ཚོས་འབད་བརྩོན་ལྷོད་མེད་ངང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས། སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས། མིག་འབྲས་ལ་སྲུང་སྐྱོང་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས་ཏེ། ཕྱོགས་གཅིག་ནས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ལམ་ལུགས་དང་ཁྲིམས་སྐྱོང་བྱ་ཐབས་ནན་པོ་བརྒྱུད་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཁག་བཅོས་སྐྱོང་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཏེ། ཕྱོགས་གཞན་ཞིག་ནས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་འཕེལ་རྒྱས་གཏོང་སྟངས་གསར་པ་དང་ཐོན་ལས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་རྒྱུན་ཆད་མེད་པར་བྱས་ཏེ། ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དཔེར་ན། ཁྱད་ལྡན་ཞིང་འབྲོག་ལས་དང་། སྐྱེ་ཁམས་ཡུལ་སྐོར་ལས་རིགས། ནུས་རྒྱུ་གཙང་མའི་ཐོན་ལས་སོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་གཉིས་ཕན་ཚུན་སྐུལ་འདེད་དང་ཆར་པ་ཆུ་གྲོགས་ཐུབ་པ་བྱེད་དགོས། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཚེ་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་ཕན་མངོན་འགྱུར་ཐུབ་ངེས་ཡིན་པས། གངས་ལྗོངས་ས་མཐོ་ནམ་ཡང་གནམ་སྔོན་སྤྲིན་དཀར་དང་རི་སྔོན་ཆུ་དྭངས་ཡོང་ཐུབ་པ་དང་མི་རིགས་ཁག་གི་མང་ཚོགས་རྣམས་སྐྱེ་ཁམས་ཁོར་ཡུག་བཟང་པོའི་ཁྲོད་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།