བོད་ལྗོངས་ལུས་རྩལ་ཞབས་བྲོའི་ཡོངས་བསྒྲགས་འགྲན་བསྡུར་ལྷ་སར་གཉེར་བ།
ཚེས་19ཉིན་2025ལོའི་བོད་རང་སྐྱོང་ལྗོངས་ལུས་རྩལ་ཞབས་བྲོའི་ཡོངས་བསྒྲགས་འགྲན་བསྡུར་དང་ལྷ་སའི་ཞབས་བྲོའི་གདན་ཞུས་འགྲན་བསྡུར་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་གཉེར་བ་རེད། འགྲན་བསྡུར་དེ་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ལྗོངས་ལུས་རྩལ་སྤྱི་ཁྱབ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་ཞིག་ཡིན། དེའི་ནང་ཀོང་ཏུང་དང་། སི་ཁྲོན། ཧའེ་ནན། ཅང་སུའུ་སོགས་ཀྱི་འཐུས་མི་རུ་ཁག་48དང་བདམས་ཐོན་པ་600ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།
སྐབས་འདིའི་འགྲན་བསྡུར་ནང་ཚད་ལྡན་ཞབས་བྲོ་དང་། ལ་ཏིང་ཞབས་བྲོ། མི་རིགས་ཞབས་བྲོ། ཀྲུང་གོའི་ཞབས་བྲོ། པ་ལེ་ཞབས་བྲོ། ཁྲོམ་སྤྲོ་སོགས་རིགས་མང་པོ་ཚུད་པ་དང་། བདམས་ཐོན་པ་ཚོས་སྤྲོ་སེམས་ཀྱིས་ཁེངས་ཤིང་དང་བྱང་ཆུབ་པའི་འཁྲབ་རྩལ་ལ་བརྟེན་ནས་ཞབས་བྲོའི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱས་ཡོད། ལ་ཏིང་ཞབས་བྲོའི་བག་ཕེབས་ཀྱི་སྟང་སྟབས་དང་། མི་རིགས་ཞབས་བྲོའི་ཉམས་དགའི་གར་སྟབས། ཁྲོམ་སྤྲོའི་སྤྲོ་སྣང་ལྡན་པའི་འགྱུར་ཁུག་བཅས་ལས་ལྟད་མོ་བ་ཚོར་སྙན་འཇེབས་ཀྱི་འགྱུར་ཁུག་ཁྲོད་དམངས་ཡོངས་ལུས་སྦྱོང་གི་དུས་རབས་ཀྱི་གསོན་ཤུགས་མངོན་པར་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།