དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་དཔེ་དེབ་རྩེ་གྲ་རི་ཡ་ཏེ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོགས་ཐོག་འགྲེམས་སྟོན་བྱས་པ།

    ཀྲུང་གོ་འཚོལ་ཞིབ་བྱེད་པའི་སྤྲོ་སྣང་མུ་མཐུད་འཕེལ་བར་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  རེན་ཧའོ་ཡུས།   |     སྤེལ་དུས།  2025-10-22

    ས་གནས་དེ་གའི་བྱིས་པ་ཞིག་གིས་2025ལོའི་རི་ཡ་ཏེ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོགས་ཀྱི་ཀྲུང་གོའི་དཔེ་དེབ་འགྲེམས་ཁུལ་དུ་ལྟ་སྐོར་བྱེད་པ།

    ས་གནས་དེ་གའི་ཀློག་པ་པོས་ཀྲུང་གོའི་ལས་དོན་པའི་ས་ནས་དཔེ་དེབ་ཀྱི་ཆ་འཕྲིན་ཤེས་རྟོགས་བྱེད་པ།

    དུས་ཡུན་ཉིན་10ཡི་2025ལོའི་རི་ཡ་ཏེ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཉེ་ཆར་སོ་ཏི་ཨ་རབ་ཏུ་མཇུག་འགྲིལ་ཞིང་། ཨ་རབ་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་དཔེ་དེབ་འགྲེམས་སྟོན་གྱི་གྲས་ཤིག་ཡིན་པའི་སྐབས་འདིའི་དཔེ་དེབ་འགྲེམས་ཚོགས་ལ་རྒྱལ་ཁབ་དང་ས་ཁུལ་20ལྷག་ཙམ་གྱི་དཔེ་སྐྲུན་ཚོང་པ་2000ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། དཔེ་དེབ་འགྲེམས་ཚོགས་རིང་ཀྲུང་གོའི་དཔེ་སྐྲུན་སྒྲིག་གཞི་མང་པོ་ཞིག་ཚོགས་པ་བསྒྲིགས་ནས་འགྲེམས་སྟོན་ལ་ཞུགས་པ་དང་རིག་གནས་སྤེལ་རེས་བྱེད་སྒོ་མང་པོ་ཞིག་སྤེལ་ཏེ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབར་གྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་གསོན་ཤུགས་སྔར་བས་མང་བ་བསྣན་ཡོད།

    དཔེ་དེབ་འགྲེམས་སྟོན་བྱ་ཡུལ་ཏེ། སྲས་མོ་ནུའུ་ལཱ་སློབ་ཆེན་གྱི་ཀྲུང་གོའི་དཔེ་དེབ་འགྲེམས་ཁུལ་དུ་བཀྲ་ཤིས་པའི་ཀྲུང་གོའི་དམར་མདངས་དང་། སྙིང་རྗེ་བའི་དོམ་ཁྲ། ཀྲུང་གོའི་སྲོལ་རྒྱུན་བཟོ་སྐྲུན་གྱི་ཁྱད་ཆོས་ལྡན་པའི་འགྲེམས་གནས་ཇུས་འགོད་ལས་མི་རྣམས་ཀྱི་ཡིད་དབང་འཕྲོག་ནས། དཔེ་དེབ་ལྟ་བ་དང་ཉོ་བར་ཡོང་མཁན་ཀློག་པ་པོའི་རྒྱུན་ཆད་རྒྱུ་མེད།

    “ཀྲུང་གོ་ལྟ་ཀློག་བྱེད་པའི”བརྗོད་དོན་གཙོ་བོའི་ཀྲུང་གོའི་དཔེ་དེབ་འགྲེམས་ཁུལ་དུ་དཔེ་དེབ་རིགས་1000ལྷག་ཙམ་དང་དེབ་གྲངས་2000ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་། གཙོ་གནད་ཐོག་འོས་སྦྱོར་ངོ་སྤྲོད་བྱས་པའི《ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བཏུས》དང《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》རིམ་སྤེལ་གསུང་རྩོམ་གྱི་རྒྱ་ཡིག་དང་། དབྱིན་ཡིག ཨ་རབ་བཅས་ཀྱི་ཡི་གེའི་དཔར་མར་དོ་ཁུར་ཆེན་པོ་ཐོབ་པ་གསར་འགོད་པས་ས་ཡུལ་དངོས་ནས་མཐོང་བྱུང་།

    སོ་ཏི་ཨ་རབ་ཀྱི་ས་གནས་དེ་གའི་དཔེ་སྐྲུན་ཚོང་པ་ཨ་པུའུ་ཏུའུ་ལེ་ཨ་ཆི་ཙི·མུའུ་ཐ་དབྱི་ལིས“ང་ཚོ་དང་ཀྲུང་གོའི་དཔེ་སྐྲུན་སྒྲིག་གཞིའི་དབར་མཉམ་ལས་བྱས་ནས་ལོ་10ལྷག་ཙམ་སོང་བ་དང་ཀྲུང་གོའི་དཔེ་དེབ་རྩེ་གྲ་མང་པོ་ནང་འདྲེན་བྱས་ཡོད”ཅེས་བརྗོད། མུའུ་ཐ་དབྱི་ལི་དེ་སྔ་ཀྲུང་གོར་འཚམས་འདྲིར་ཐེངས་མང་ཡོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་མིག་མཐོང་ལག་ཟིན་བྱུང་ཡོད། “མིག་སྔར་སོ་ཏི་ཨ་རབ་དང་ཀྲུང་གོའི་དབར་གྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་མི་ཆོས་རིག་གནས་སྤེལ་རེས་དེ་བས་ཟབ་ཏུ་ཕྱིན་ཡོད། འབྱུང་འགྱུར་ཀྲུང་གོ་དང་མཉམ་ལས་རོགས་ཟླའི་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་ནས་ཁྱབ་ཁོངས་དེ་བས་མང་བ་དང་བརྗོད་དོན་གཙོ་བོ་དེ་བས་མང་བའི་དཔེ་དེབ་དཔེ་སྐྲུན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་ཁོང་གིས་བརྗོད།

    དཔེ་དེབ་འགྲེམས་ཚོགས་རིང་ཀྲུང་གོ་ཕྱོགས་ཀྱི་འགྲེམས་ཞུགས་སྒྲིག་གཞིས་ད་དུང་བྱེད་སྒོ་ཐེངས་མང་སྤེལ་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབར་གྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་མཉམ་དུ་སྐུལ་འདེད་བཏང་ཡོད། “གོ་སྐབས་གསར་པ་དང་། མཉམ་ལས་གསར་པ། འབྱུང་འགྱུར་གསར་པ”བཅས་བརྗོད་དོན་གཙོ་བོར་བྱེད་པའི“རི་ཡ་ཏེའི་པི་ཧྲེན་པར་སྐྲུན་མཉམ་ལས་གླེང་མོལ”བྱེད་སྒོའི་ཐོག་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་པར་སྐྲུན་དཔེ་སྐྲུན་ཁྱབ་ཁོངས་ཁེ་ལས་ཀྱི་འཐུས་མི་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཐོན་ལས་འཕེལ་རྒྱས་དང་། ཐོན་ནུས་མཉམ་ལས། མི་ཆོས་རིག་གནས་སྤེལ་རེས་སོགས་ལ་དམིགས་ནས་གླེང་མོལ་གཏིང་ཟབ་བྱས་པ་རེད། ཨ་རབ་ཕྱོགས་ཀྱི་སྐུ་མགྲོན་གྱིས་རྒྱལ་ཁབ་ཁག་གི་པར་སྐྲུན་དཔེ་སྐྲུན་ལས་རིགས་ཀྱི་ད་ལྟའི་གནས་ཚུལ་དང་། འཕེལ་རྒྱས་ཀྱི་ལོ་རྒྱུས། ཁྲོམ་རའི་དགོས་མཁོ་བཅས་ལ་དམིགས་ཏེ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲོས་འགོ་བཏོན་པ་དང་། ཀྲུང་གོ་ཕྱོགས་ཀྱི་སྐུ་མགྲོན་གྱིས་ལྗང་མདོག་འཕེལ་རྒྱས་དང་། ཤེས་ལྡན་པ་གསོ་སྐྱོང་། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་སོགས་ཀྱི་བརྗོད་གཞིར་གཙོ་གནད་ཐོག་དམིགས་ཏེ་གྲུབ་འབྲས་དང་ཉམས་མྱོང་གསར་ཤོས་མཉམ་སྤྱོད་བྱས་པ་རེད།

    “ཀྲུང་གོ་དང་སོ་ཏི་ཨ་རབ་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་དང་དེང་རབས་ཅན་གྱི་གླེང་མོལ”བྱེད་སྒོའི་ཐོག་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་མཁས་དབང་ཚོས“དེང་རབས་ཅན་གྱི་ལམ་བུ་མཉམ་དུ་གཏོད། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འཚོལ་ཞིབ་དང་ལག་ལེན”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་གླེང་མོལ་དང་སྤེལ་རེས་བྱས་པ་དང་ཁྱབ་ཁོངས་མང་པོའི་མཉམ་ལས་སྐོར་ལ་གྲོས་བསྡུར་བྱས་པ་རེད། སོ་ཏི་ཨ་རབ་ཀྱི་ཚན་ཞིབ་དང་ཤེས་བྱ་སྤེལ་རེས་ལྟེ་གནས་ཀྲུང་གོ་ཞིབ་འཇུག་པུའི་ཀྲུའུ་རེན་ཧའེ་སའེ་མུའུ·སའེ་དབྱི་ཏེས་སོ་ཏི་ཨ་རབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་རྒྱལ་བབ་མི་འདྲ་ཡང་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལམ་བུར་རྒྱལ་ཁབ་གཉིས་པོས་ཤེས་དཔལ་རྒྱུན་འཛིན་ལ་སྣང་ཆེན་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་དོན་གཉེར་བྱས་པ་དང་འབྲེལ་རང་རྒྱལ་གྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་པ་དེ་ལས་འཛམ་གླིང་ལ་རྩ་ཆེའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད།

    སོ་ཏི་ཨ་རབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲང་ཧྭ་ཡིས། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་སོ་ཏི་ཨ་རབ་དབར་དང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ཉིན་བཞིན་ཟབ་ཏུ་ཕྱིན་པ་དང་། “རྒྱ་ཡིག་གི་ཚ་རླབས”དང“ཀྲུང་གོའི་ཚ་རླབས”རྒྱུན་མཐུད་འཕྱུར་ཡོད། ད་ཐེངས་འགྲེམས་སྟོན་ལ་ཞུགས་པའི་ཀྲུང་གོའི་དཔེ་དེབ་རིགས་མང་ལ་ནང་དོན་ཕུན་སུམ་ཚོགས་ཤིང་། ས་གནས་དེ་གའི་དམངས་ཚོགས་ཀྱིས་ཀྲུང་གོའི་རིག་གནས་ལ་ངོས་འཛིན་དེ་བས་ལེགས་པར་བྱེད་པ་དང་དུས་རབས་གསར་པའི་ཀྲུང་གོ་ཤེས་རྟོགས་གཏིང་ཟབ་བྱེད་པར་སྐར་ཁུང་ཞིག་ཕྱེ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།