ཀྲུང་གོས་ཕྱི་རྒྱལ་ལ་རོགས་སྐྲུན་བྱས་པའི་ས་གཤིས་སྤྱི་གླིང་གི་རྣམ་གྲངས་ཐོག་མའི་རྩིས་སྤྲོད་མཛད་སྒོ་ཐན་ཙན་ནི་ཡར་འཚོཌ་པ།
ཏ་རེ་སི་ས་ལམ་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཚེས་16ཉིན། ཀྲུང་གོས་ཕྱི་རྒྱལ་ལ་རོགས་སྐྲུན་བྱས་པའི་ས་གཤིས་སྤྱི་གླིང་གི་རྣམ་གྲངས་ཐོག་མ་སྟེ་ཨེན་ཀོ་ལུའོ་ཨེན་ཀོ་ལུའོ་ལུན་ཀའེ་ས་གཤིས་སྤྱི་གླིང་གི་རྣམ་གྲངས་རྩིས་སྤྲོད་མཛད་སྒོ་ཐན་ཙན་ནི་ཡའི་ཨ་ལུའུ་ཧྲ་ཞིང་ཆེན་དུ་འཚོགས་པ་རེད།
ཐན་ཙན་ནི་ཡའི་ཙུང་ཐུང་གཞོན་པ་མུའུ་ཕན་ཀེ་ཡིས། ཨེན་ཀོ་ལུའོ་ཨེན་ཀོ་ལུའོ་ལུན་ཀའེ་ས་གཤིས་སྤྱི་གླིང་ནི་ས་ཧ་ལའི་ལྷོ་ཨ་ཧྥེ་རི་ཁའི་ས་གཤིས་སྤྱི་གླིང་འབའ་ཞིག་དེ་རེད་ལ། ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོའི་འཛམ་གླིང་གི་ས་གཤིས་སྤྱི་གླིང་གཉིས་པ་དེ་ཡང་རེད། ཀྲུང་གོ་སྲིད་གཞུང་གིས་དུས་ཡུན་རིང་པོར་ཐན་ཙན་ནི་ཡའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཨེན་ཀོ་ལུའོ་ཨེན་ཀོ་ལུའོ་ལུན་ཀའེ་ས་གཤིས་སྤྱི་གླིང་ནི་ཐན་ཙན་ནི་ཡའི་འཛམ་གླིང་གི་ས་གཤིས་སྤྱི་གླིང་དང་པོ་དེ་ཡིན་ཞིང་། རྣམ་གྲངས་དེ་ཀྲུང་གོ་ཚོང་དོན་པུའུ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ལས་དོན་ཅུས་ཀྱིས་སྒྲིག་འཛུགས་ལག་བསྟར་བྱས་པ་དང་། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཐེན་ཅིན་ས་གཤིས་བརྟག་དཔྱད་ལྟེ་གནས་དང་ཀྲུང་གོ་ལྕགས་ལམ་ཅུས་ཉེར་ལྔ་པས་ལག་རྩལ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་རོགས་སྐྱོར་ལས་འགན་སོ་སོར་ཁུར་བ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།