དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུའུ་ཙིའི་རིག་པ་དང་གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་དང་ཁའོ་ཐིང་གླེང་སྟེགས་སྐབས་བཞི་པ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-10-22

    ཉེ་ཆར། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་། རྒྱལ་སྤྱིའི་རུའུ་ལུགས་རིག་པ་མཉམ་འབྲེལ་ལྷན་ཚོགས། ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་ཀྲུའུ་ཙིའི་རིག་པ་དང་གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་དང་ཁའོ་ཐིང་གླེང་སྟེགས་སྐབས་བཞི་པ་ཧྥུའུ་ཅན་ཞིང་ཆེན་ནན་ཕིང་གྲོང་ཁྱེར་དུ་གཉེར་བ་རེད། ཚོགས་ཆེན་གྱིས“ཀྲུའུ་ཙིའི་རིག་གནས་ཀྱི་དུས་རབས་ཀྱི་རིན་ཐང་དར་སྤེལ་བཏང་སྟེ། གོ་ལ་ཧྲིལ་པོའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་མཉམ་དུ་གནས་པར་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་སྔོན་བྱོན་མཁས་པའི་ཤེས་རབ་སྔོག་འདོན་དང་དར་སྤེལ་གཏིང་ཟབ་བཏང་ནས། ཀྲུའུ་ཙིའི་རིག་གནས་དེ་འཛམ་གླིང་རྒྱལ་ཁབ་ཁག་གི་ཕུལ་བྱུང་རིག་གནས་དང་མཉམ་དུ། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་ཕན་འདོགས་ཀྱི་བློ་སྒོ་འབྱེད་རྒྱུ་དེ་རེད།

    ཚོགས་ཆེན་གྱིས་འགོ་ཚུགས་མཛད་སྒོ་དང་གཙོ་དོན་སྙན་ཞུ་དང་། ཁའོ་ཐིང་གླེང་སྟེགས་སྐབས་བཞི་པའི་རིམ་མཚུངས་ཡན་ལག་གླེང་སྟེགས། བརྗོད་དོན་གཙོ་བོའི་གྲལ་སྒོར་འདུ་ཚོགས། “དཔེ་ཁང་རིག་གནས”རིག་གཞུང་རྟོག་ཞིབ་དང་དམངས་ཁྲོད་འཚོལ་བསྡུ་དང་ཁྱབ་སྤེལ་བཅས་བརྗོད་དོན་གཙོ་བོའི་བྱེད་སྒོ་ཆེན་པོ་བཞི་བཀོད་སྒྲིག་བྱས་ཤིང་། དེའི་དམིགས་ཡུལ་ནི་རིག་ཚན་མི་འདྲ་བ་དང་། དུས་རབས་མི་འདྲ་བ། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་བཅས་ཀྱི་མཁས་དབང་དབར་སྤེལ་རེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་རེད། རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་དང་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཀྱི་འཐུས་མི་དང་། རྒྱལ་སྤྱིའི་རུའུ་ལུགས་རིག་པའི་མཉམ་འབྲེལ་ལྷན་ཚོགས་ལག་བསྟར་ཨུ་ལྷན་གྱི་ཁོངས་མི། རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།