ཐེ་ལན་གྱི་འཇིག་རྟེན་འཕུར་སྐྱོད་འགྲེམས་ཚོགས་ཀྱིས་ཀྲུང་གོ་དང་ཐེ་ལན་གྱི་འཇིག་རྟེན་འཕུར་སྐྱོད་ཀྱི་མཉམ་ལས་ཟབ་ཏུ་གཏོང་བར་རམ་འདེགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པང་ཁོག་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། 2025ལོའི་ཐེ་ལན་གྱི་འཇིག་རྟེན་འཕུར་སྐྱོད་འགྲེམས་ཚོགས་པང་ཁོག་ཏུ་གཉེར་བ་དང་སྐབས་འདིའི་འགྲེམས་ཚོགས་ཐོག་གོ་ལ་ཧྲིལ་པོའི་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱི་ཁེ་ལས་དང་སྒྲིག་གཞི་100ལྷག་ཙམ་འགྲེམས་ཚོགས་ནང་ཞུགས་པ་དང་ཀྲུང་ཐེའི་འཇིག་རྟེན་འཕུར་སྐྱོད་ཐད་ཀྱི་སྤེལ་རེས་དང་མཉམ་ལས་ནི་འགྲེམས་ཚོགས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།
སྐབས་འདིའི་འགྲེམས་ཚོགས་ནི་ཐེ་ལན་གྱི་ས་ཁམས་ཆ་འཕྲིན་རིག་པ་དང་བར་སྣང་ལག་རྩལ་འཕེལ་རྒྱས་ཅུས་ཀྱིས་གཙོ་གཉེར་བྱས་ཤིང་། ཅུས་དེའི་ཅུས་ཀྲང་པཱ་ཀུང·ཨ་ཕ་ཕན་གྱིས་འཇིག་རྟེན་འཕུར་སྐྱོད་འགྲེམས་ཚོགས་ནི་ཐེ་ལན་གྱིས་རྒྱལ་སྤྱིའི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་བ་དང་འཛམ་གླིང་གི་འཇིག་རྟེན་འཕུར་སྐྱོད་ལས་རིགས་ཀྱི་རྒྱལ་ཁབ་གཙོ་བོའི་སྔོན་ཐོན་ལག་རྩལ་དང་ཉམས་མྱོང་ནང་འདྲེན་བྱས་པ་བརྒྱུད། དཔལ་འབྱོར་དང་། སྲིད་ཇུས། གསར་གཏོད་སོགས་ཐད་ནས་ཐེ་ལན་གྱི་འཇིག་རྟེན་འཕུར་སྐྱོད་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་ཐུབ་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།