མཚོ་སྔོན་གྱིས་3Hས་མཐོའི་ཁས་ལེན་དཔང་འདོན་ཡི་གེ་ཐོག་མ་ཡོངས་བསྒྲགས་བྱས་པ།
ཟླ་10ཚེས་17ཉིན་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མཚོ་བོད་ས་མཐོའི་ཁོར་ཡུག་ཧ་ཅང་ཞན་པོར་གཞིགས་ནས་རང་མོས་རང་བཞིན་གྱི་ཁས་ལེན་དཔང་འདོན་3Hས་མཐོའི་ཁས་ལེན་དཔང་འདོན་ཐོག་མ་ཡོངས་བསྒྲགས་བྱས་པ་མ་ཟད། ལག་ཁྱེར་ཐོག་མ་ཡང་སྤྲད་པ་རེད། ལག་ཁྱེར་རག་པའི་ཁེ་ལས་ནི་བྱ་སྤུའི་ཉལ་ཆས་ཐོན་སྐྱེད་བཟོ་གྲྭ་ཡིན་པ་དང་ལག་ཁྱེར་དེས་གཙོ་བོ་ས་མཐོའི་ཆ་རྐྱེན་ཞན་པོའི་ཁྲོད་དུ་འཁལ་འཐག་ཐོན་ལས་ཀྱི་སྤུས་ཚད་དང་ནུས་པར་ཞིབ་དཔྱད་བྱ་རྒྱུར་དམིགས་ཡོད་པ་རེད།
3Hས་མཐོའི་ཁས་ལེན་དཔང་འདོན་དེ་ས་བབ་མཐོ་བ་དང་། སྨུག་ཕྱིའི་འོད་ཤུཌ་ཆེ་བ། གྲང་ངར་ཆེ་བ། རླུང་གནོན་དམའ་བ། མཁའ་རླུང་འདུས་ཚད་ཉུང་བ། ཐན་པ་བསྟན་པ་སོགས་ཀྱི་རང་བྱུང་ཁོར་ཡུག་ཞན་པོར་གཞིགས་པའི་ཚབ་མཚོན་ཞིག་ཡིན་པ་དང་གོ་ལ་ཧྲིལ་པོའི་གཅིག་ཉིད་རང་བཞིན་དང་ཚབ་བྱེད་ཐབས་བྲལ་བའི་སྤུས་ཚད་ཁས་ལེན་དཔང་འདོན་གྱི་མ་ལག(Certification of High altitude/High UV radiation,and Harsh cold)ཅིག་ཀྱང་རེད། སྒྲིག་ཆས་བཟོ་སྐྲུན་དང་། དམའ་དབྱིངས་དཔལ་འབྱོར། བཟོ་ལས་འཛད་རྫས། ཞིང་ལས་བཟའ་བཅའི་ཐོན་རྫས། ཞབས་ཞུའི་ལས་རིགས་སོགས་ཁྱབ་ཁོངས་སུ་སྤེལ་བའི་སྤུས་ཚད་མཐོ་བའི་རང་མོས་རང་བཞིན་གྱི་ཁས་ལེན་དཔང་འདོན་ཞིག་རེད།
ད་ཕན་ལོ་ཤས་རིང་། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྤུས་ཚད་འཕེལ་རྒྱས་ཀྱི་བཀོད་པ་ཆེན་པོར་དམིགས་པ་དང་། ས་མཐོའི་ཁོར་ཡུག་ལ་གཞི་ཚུགས་ནས། མཚོ་བོད་ས་མཐོའི་ཁྱད་ཆོས་ལྡན་པའི་སྤུས་ཚད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འདུས་གྲུབ་ཞབས་ཞུའི་མ་ལག་འཚོལ་ཞིབ་ཧུར་ཐག་བྱས་ཏེ་བཙུགས་ནས་ས་ཁོངས་སྒྲོལ་བའི་སྤུས་ཚད་མཉམ་སྒུལ་མཐོར་གཏོང་དང་། རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཀོད་པ་ཆེན་པོར་མཉམ་འདྲེས་དང་དེར་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་གཏོང་བར་ཕན་ཡོད་ཀྱི་འཚོལ་ཞིབ་དང་ལག་ལེན་གྱི་འདེགས་སྐྱོར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།