གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉ་མོ་ཤང་སྟེང་གོང་གྲོང་ཚོས།
བདེ་འཇགས་དང་གོ་རིམ་ལྡན་ཞིང་ནུས་ཕྱོད་ཆེ་བའི་སྒོ་ནས་སྟོན་བསྡུའི་ལས་དོན་ལེགས་པར་བསྒྲུབས་པ།
སྟོན་ཀ་ནི་ལོ་ཏོག་བསྡུ་བའི་ནམ་དུས་ཡིན་ཞིང་། ཉིན་ཤས་རིང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉ་མོ་ཤང་སྟེང་གོང་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གིས་སྟོན་བསྡུའི་བདེ་འཇགས་འགན་སྲུང་བྱེད་པ་དེ་གཙོ་གནད་ལས་དོན་ལ་བརྩིས་ཏེ། སྔ་ཙམ་བཀོད་སྒྲིག་དང་། སྐུལ་སློང་རྒྱ་ཁྱབ། ཞབས་འདེགས་ཡག་པོ་ཞུ་བ་བཅས་མཐའ་འཁྱོངས་བྱས་ནས། སྟོན་བསྡུའི་ལས་དོན་བདེ་འཇགས་དང་གོ་རིམ་ལྡན་ཞིང་ནུས་ཕྱོད་ཆེ་བའི་སྒོ་ནས་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད།
ཇུས་འགོད་དང་བཀོད་སྒྲིག་སྔ་ཙམ་བྱས་ཤིང་། སྔོན་ཚུད་ནས་བཀོད་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་སྟོན་བསྡུའི་གནས་ཚུལ་ལ་དབྱེ་ཞིབ། ལས་འགན་ཁག་བགོས་ཁ་གསལ་བཟོ་བ་བཅས་བྱས་ནས། གཅིག་སྡུད་སྐུལ་སློང་དང་དུད་ཚང་དུ་འཚམས་འདྲིར་སྐྱོད་པ་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད། མང་ཚོགས་ལ་སྔོན་ཚུད་ནས་ཁྲིད་སྟོན་བྱས་ཏེ་ཞིང་ལས་དུས་ཚོད་དམ་འཛིན་དང་ཚན་རིག་དང་མཐུན་པའི་ངང་བརྔ་བསྡུའི་ལས་རིམ་བཀོད་སྒྲིག་བྱས་པ་དང་འབྲེལ། བདེ་འཇགས་ངང་བརྔ་བསྡུ་དང་ཚར་མ་ཚད་ལྡན་འདྲེན་པའི་ཤེས་བྱ་ཁྱབ་གདལ་བཏང་ནས། སྟོན་བསྡུའི་ལས་དོན་ལ་རྩ་འཛུགས་དང་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་ཤིང་། གྲོང་ཚོའི་ལས་བྱེད་པ་དང་ཏང་ཡོན་གྱིས“བདེ་འཇགས་འགན་ལེན་པ”བྱས་ཏེ། ཞིང་ནང་མུ་ཁ་དང་གྲོང་གསེབ་ཀྱི་ལམ་བུར་བསྐྱོད་ནས། ཞིང་སྤྱོད་འདྲུད་འཐེན་འཁོར་ལོ་དང་འཁོར་གསུམ་སྦག་སྦག་སོགས་ལ་རིན་མེད་ངང་ལྡོག་འོད་མཚོན་རྟགས་སྦྱར་བ་དང་། “གཅིག་གཏད་གཅིག”གི་སྒྲོག་འགྲེལ་ཐུང་ངུ་བྱས་ཏེ། གོ་བདེ་རྟོགས་སླའི་སྐད་ཆའི་ཐོག་ནས་ཞིང་དུད་ལ་ཞིང་འཕྲུལ་བཀོལ་སྤྱོད་ཚད་གཞི་དང་། འགྲོ་ལམ་དུ་སྐྱོད་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན། མེ་ཟོན་རྒྱུན་ཤེས་བཅས་འགྲེལ་བཤད་བརྒྱབ་ནས། མང་ཚོགས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ཁར། སྟོན་བསྡུའི་ལས་དོན་གྱི་བདེ་འཇགས་སྲུང་རགས་བརྟན་དུ་བཏང་བ་རེད།
སྟོན་བསྡུའི་འགན་སྲུང་ལས་དོན་གནད་ལ་འཁེལ་བར་བྱས་ཤིང་། ཆར་བབས་གནམ་འཐིབས་གནམ་གཤིས་ཀྱིས་འབྲུ་རིགས་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་སྲིད་པར་དམིགས་ཏེ། མི་སྣ་སྒྲིག་འཛུགས་བྱས་ནས་ས་ཡུལ་དངོས་སུ་གྲོ་དང་ནས་སོགས་ཀྱི་ལོ་ཏོག་ལ་གནོད་སྐྱོན་ཕོག་པའི་གནས་ཚུལ་ལ་ལྟ་ཞིབ་ཚོད་སྐོར་བྱས་པ་དང་། ཞིང་དུད་ལ“གནམ་དྭངས་པའི་དུས་ཚོད་དམ་འཛིན་གྱིས་བརྔ་བསྡུ་དང་། རིགས་དབྱེ་ཉི་སྐམ། ཚན་རིག་དང་མཐུན་པའི་གསོག་ཉར”སོགས་ཀྱི་ཁ་གཏད་གཅོག་ཐབས་ཀྱི་གྲོས་འགོ་དང་ཐབས་ཤེས་དུས་ཐོག་ཏུ་བཏོན་ནས། བརྔ་བསྡུའི་རྗེས་ཀྱི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ཁར། འབྲུ་རྡོག་གཅིག་ཀྱང་མ་ལུས་པར་མཛོད་འཇུག་དང་སྤུས་ལེགས་འབྲུ་རིགས་གསོག་ཉར་ཡག་པོ་ཐུབ་པའི་འགན་ལེན་བྱས་ནས། འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།