དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འཆད་སྟེགས་ལྷ་སར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-22

     ཚེས་20ཉིན། ལྗོངས་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འཆད་སྟེགས་ལྷ་སར་གཉེར་བ་རེད།

    འཆད་སྟེགས་ནང་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་རིམ་པ་དང་པོའི་སྐོར་གཟིགས་པ་དང་བོད་ལྗོངས་ཏང་འཛུགས་སྐྱོང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁྲེང་གཡོད་ཀྱིས་ཆེད་དོན་ཟུར་ཁྲིད་བྱས་ཤིང་། ཁོང་གིས། 《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་མཉམ་དུ་རྩོམ་དགོས》ཞེས་པ་བརྗོད་དོན་གཙོ་བོར་བྱེད་པ་དང་། “ལྗོངས་ཡོངས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་སྤེལ་ནས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་དོན་སྙིང་གལ་ཆེན”ལ་དམིགས་པ། “མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་དང་གནད་འཁེལ་ངང་ཤེས་རྟོགས་ཐུབ་པར་བྱས་ནས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས”ཞེས་པ་སོགས་ཀྱི་ཐད་ལ་བརྒྱུད་རིམ་ལྡན་པའི་འགྲེལ་བཤད་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།