དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་དང་ཐོན་ལས་འཕེལ་རྒྱས་ཀྱི་མཉམ་ལས་གླེང་སྟེགས་དང་ཡར་ཀླུང་གཙང་པོའི་གླེང་སྟེགས་སྐབས་དང་པོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-22

    ཉེ་ཆར། བོད་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་དང་ཐོན་ལས་འཕེལ་རྒྱས་ཀྱི་མཉམ་ལས་གླེང་སྟེགས་དང་ཡར་ཀླུང་གཙང་པོའི་གླེང་སྟེགས་སྐབས་དང་པོ་བོད་ལྗོངས་ཞིང་འབྲོག་སློབ་ཆེན་དུ་གཉེར་བ་རེད།

    ད་ཐེངས་ཀྱི་གླེང་སྟེགས་དེ་སྲིད་ཇུས་དང་། ལག་རྩལ། ཐོན་ལས་སོགས་གང་ས་ཅི་ཐད་ལ་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་སྟེ། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་ཐུབ་ཡོད། ཆེད་དོན་བགྲོ་གླེང་ལྷུ་ཚིགས་སུ་ཚོགས་ཞུགས་འཐུས་མིས་ཆུ་གློག་ལས་གྲྭའི་ལག་རྩལ་དང་གློག་ནུས་ཆིང་ནུས་སུ་སྒྱུར་བ་དང་གློག་དྲ་ཆུང་ངུའི་བཀོལ་སྤྱོད་སོཌ་ཀྱི་གྲོས་འགོར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད། ལག་རྩལ་གྲོས་བསྡུར་བྱེད་རིང་། ཆུ་གློག་ཆེན་པོ་འཛུགས་སྐྲུན་སོགས་འགག་རྩའི་ལག་རྩལ་ལ་དམིགས་པ་དང་དུས་མཚུངས། ནུས་རྒྱུ་གཙང་མ་གསར་གཏོད་བཀོལ་སྤྱོད་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་ཆེད་དོན་ཐད་ས་གཤིས་གནོད་འཚེ་སྔོན་འགོག་ཚོད་འཛིན་ལ་གཙོ་གནད་དོ་ཁུར་བྱས་ཏེ། ལས་གྲྭ་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་ཟུང་འབྲེལ་ཡག་པོ་ཡོང་བར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།