དབུ་ཤོག
  • ཁ་པར་འདི་རིགས་འབྱོར་ན་རྩ་བ་ནས་ལེན་རྒྱུ་མི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2025-10-21

    ཁ་པར་ཨང་གྲངས་ཀྱི་མདུན་དུ་གཤམ་གྱི་ཨང་ཀི་ཡིན་པའི་ཁ་པར་འབྱོར་ན་རྩ་བ་ནས་ལེན་རྒྱུ་མི་འདུག གལ་ཏེ་བླངས་པ་ཡིན་ན་ཁྱེད་རང་གིས་བརྡ་ལན་མ་བསློགས་ཀྱང་ཁ་བསླུས་ཐེབས་ཉེན་འདུག

    གཅིག མདུན་དུ་ཨང་ཀི“400”ཡིན་པའི་ཁ་པར། ཁེ་ལས་མང་པོ་ཞིག་གི་ཁ་པར་ཨང་གྲངས་ཀྱི་འགོ་ནི་400ཡིན་མོད། འོན་ཀྱང་ཁ་པར་དེ་མི་སྒེར་ལ་རྒྱག་ཐུབ་ཀྱི་མེད་པས། གལ་ཏེ་ཁ་པར་དེ་རིགས་འབྱོར་ཚེ་ཐེ་ཚོམ་མེད་པར་ཐད་ཀར་ཁ་འགོག་དགོས། 

    གཉིས། མདུན་དུ་ཨང་ཀི“00”ཡིན་པའི་ཁ་པར། ཁ་པར་ཨང་གྲངས་འདི་རིགས་ནི་རྒྱལ་ཁོངས་ཕྱིའི་ཁ་པར་ཡིན་པས། གལ་ཏེ་ཕྱི་རྒྱལ་དུ་གཉེན་ཉེ་དང་གྲོགས་པོ་མེད་ན། ཁ་པར་འདི་རིགས་ཁ་བསླུས་རྒྱག་མཁན་ཡིན་པ་གཏན་འཁེལ་ནས་བཤད་ཆོག 

    གསུམ། མདུན་དུ་ཨང་ཀི“95”ཡིན་པའི་སྒང་ལ་ཨང་ཀི་བརྒྱད་ཡོད་པའི་ཁ་པར། མ་གཞི་དངུལ་ཁང་གི་ཁ་པར་ཨང་གྲངས་ཀྱི་འགོ་ནི་95ཡིན་མོད། འོན་ཀྱང་དངུལ་ཁང་གི་ཁ་པར་ཨང་གྲངས་ལ་ཨང་ཀི་ལྔ་ལས་མེད་པས་ངེས་པར་དུ་དབྱེ་བ་གསལ་པོ་འབྱེད་དགོས། 

    བཞི། མདུན་དུ་ཨང་ཀི“0169”ཡིན་པའི་ཁ་པར། ཨང་གྲངས་འདི་རིགས་ཀྱི་ཁ་པར་རམ་འཕྲིན་ཐུང་འབྱོར་ཚེ། ཁྱེད་རང་ལ་དྲ་ཐོག་ནས་རང་དགར་བུ་ལོན་ཟུག་པའི་ཉེན་ཁ་ཆེན་པོ་ཡོད་པས་དོགས་ཟོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།