དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱི་དབང་པོ་སྐྱོན་ཅན་གྱི་ཞག་སྡོད་ལམ་ལུགས་ཀྱི་གསོ་བཅོལ་ཞབས་ཞུའི་ས་གནས་ཀྱི་ཚད་གཞི་ཐོག་མ་དངོས་སུ་ལག་ལེན་བསྟར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-21

    ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཞག་སྡོད་ལམ་ལུགས་ཀྱི་གསོ་བཅོལ་ཞབས་ཞུའི་ས་གནས་ཀྱི་ཚད་གཞི་ཐོག་མ་དེ་ཟླ་8ཚེས་22ཉིན་ནས་དངོས་སུ་ལག་ལེན་བསྟར་ཡོད། 《དབང་པོ་སྐྱོན་ཅན་གྱི་ཞག་སྡོད་ལམ་ལུགས་ཀྱི་གསོ་བཅོལ་ཞབས་ཞུའི་ཚད་གཞིའི》(གཤམ་ནས《ཚད་གཞི》ཞེས་བསྡུ་རྒྱུ)ནང་དུ། རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཞག་སྡོད་ལམ་ལུགས་ཀྱི་གསོ་བཅོལ་ཞབས་ཞུའི་གཞི་རྩའི་བླང་བྱ་དང་། ཞབས་ཞུའི་ནང་དོན་དང་བརྒྱུད་རིམ། དོ་དམ། གདེང་འཇོག་ཚད་གཞི་བཅས་ཁ་གསལ་བཟོས་ནས་ལྗོངས་ཡོངས་ཀྱི་ཞག་སྡོད་ལམ་ལུགས་ཀྱི་གསོ་བཅོལ་ཞབས་ཞུའི་སྒྲིག་གཞི་ཁག་ལ་ཆེད་ལས་ཅན་དང་ཚད་ལྡན་ཅན་འཁོར་སྐྱོད་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་པ་དང་ཆབས་ཅིག དབང་པོ་སྐྱོན་ཅན་གྱི་ལས་ཀའི་ཁྱབ་ཁོངས་ཀྱི་རང་ལྗོངས་ཀྱི་ཚད་གཞིའི་སྟོང་ཆ་ཡང་གསབ་ཡོད།

    ཤེས་རྟོགས་བྱུང་བར་གཞིཌ་ན། 《ཚད་གཞིའི》དམིགས་ཡུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གསོ་བཅོལ་ཞབས་ཞུ་ཚད་ལྡན་ཅན་དང་ཆེད་ལས་ཅན་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དབང་པོ་སྐྱོན་ཅན་གྱི་དམངས་འཚོ་འགན་ལེན་དང་ལེགས་སུ་ནུས་ལྡན་གཏོང་བ་དང་། དབང་སྐྱོན་ཚབས་ཆེན་ཅན་དག་སྤྱི་ཚོགས་ནང་མཉམ་འདྲེས་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་རྒྱུར་རོགས་རམ་གྱིས་ཁོང་ཚོའི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་ཆེད་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།