དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་གསུམ་པར་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་དུང་ཕྱུར་1.78ཟིན་པ།

    རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་ཡོང་མཁན་ཕྱི་རྒྱལ་བ་དུས་མཚུངས་ལས་48.3%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-10-21

    ▶ཁྱོན་ལམ་ཡིག་དཀྱུས་མ་ཁྲི་569.5སྤྲད་པ་དང་། ནང་སའི(སྐམ་ས་ཆེ་མོ)གྲོང་མི་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ལ་འགྲོ་འོང་བྱེད་པའི་རྒྱལ་སྒྲོལ་ཐོངས་མཆན་ལམ་ཡིག་ཁྲི་2811.7སྤྲད་པ། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་གྲོང་མི་ནང་སར(སྐམ་ས་ཆེ་མོ)འགྲོ་འོང་བྱེད་པའི་རྒྱལ་སྒྲོལ་ཐོངས་མཆན་ལམ་ཡིག་ཁྲི་58.3སྤྲད་པ། ཕྱི་རྒྱལ་བར་རྒྱལ་སྒྲོལ་ཐོངས་མཆན་ལམ་ཡིག་ཁྲི་58.4སྤྲད་ཡོད་པ་རེད།

    གསར་འགོད་པས་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་ཚིགས་གསུམ་པར་རྒྱལ་ཡོངས་གནས་སྤོས་ཡུལ་མི་དོ་དམ་སྒྲིག་གཞིས་རིམ་རྩིས་བརྒྱབ་པར་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་དུང་ཕྱུར་1.78ལ་ཞིབ་བཤེར་བྱས་པ་དེ་དུས་མཚུངས་ལས་12.9%འཕར་ཡོད། དེའི་ནང་ནང་སའི་གྲོང་མི་མི་ཐེངས་ཁྲི་8937.2དང་། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་གྲོང་མི་མི་ཐེངས་ཁྲི་6873.1ཟིན་པ་དེ་དུས་མཚུངས་ལས་13.8%དང་6.2%སོ་སོར་འཕར་ཡོད། ཕྱི་རྒྱལ་བ་མི་ཐེངས་ཁྲི་2013.4ཟིན་པ་དེ་དུས་མཚུངས་ལས་22.3%འཕར་བའི་ནང་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་ཡོང་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་724.6ཟིན་པ་དེས་རྒྱལ་ཁོངས་སུ་ཡོང་མཁན་ཕྱི་རྒྱལ་བའི་72.2%ཟིན་པ་དེ་དུས་མཚུངས་ལས་48.3%འཕར་ཡོད་པ་རེད།

    རིམ་རྩིས་བརྒྱབ་ན། རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་ཆས་ཐེངས་ཁྲི་990.4(མེ་འཁོར་དང་། གྲུ་གཟིངས། རླངས་འཁོར)ལ་ཞིབ་བཤེར་བྱས་པ་དེ་དུས་མཚུངས་ལས་17.5%འཕར་ཡོད། དེའི་ནང་གནམ་གྲུ་ཐེངས་ཁྲི་26དང་། མེ་འཁོར་ཐེངས་ཁྲི་2.7 གྲུ་གཟིངས་ཐེངས་ཁྲི་11.1 རླངས་འཁོར་ཐེངས་ཁྲི་950.3བཅས་ཟིན་པ་དེ་དུས་མཚུངས་ལས་10.2%དང་། 4.6% 2.9% 18%བཅས་སོ་སོར་འཕར་ཡོད་པ་རེད། ཁྱོན་ལམ་ཡིག་དཀྱུས་མ་ཁྲི་569.5སྤྲད་པ་དང་། ནང་སའི(སྐམ་ས་ཆེ་མོ)གྲོང་མི་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ལ་འགྲོ་འོང་བྱེད་པའི་རྒྱལ་སྒྲོལ་ཐོངས་མཆན་ལམ་ཡིག་ཁྲི་2811.7སྤྲད་པ། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་གྲོང་མི་ནང་སར(སྐམ་ས་ཆེ་མོ)འགྲོ་འོང་བྱེད་པའི་རྒྱལ་སྒྲོལ་ཐོངས་མཆན་ལམ་ཡིག་ཁྲི་58.3སྤྲད་པ། ཕྱི་རྒྱལ་བར་རྒྱལ་སྒྲོལ་ཐོངས་མཆན་ལམ་ཡིག་ཁྲི་58.4སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།