དབྱང་ཀྲེན་ཉིང་སྐུ་གཤེགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཆིང་ཧྭ་སློབ་ཆེན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་ཐོབ་མཁན་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི། དངོས་ལུགས་རིག་པ་མཁས་ཅན་བཅས་ཡིན་པའི་དབྱང་ཀྲེན་ཉིང་ཟླ་10ཚེས་18ཉིན་པེ་ཅིང་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ་103ཡིན་པ་རེད། དབྱང་ཀྲེན་ཉིང་ནི་1922ལོར་ཨན་ཧུའེ་ཧོ་ཧྥེ་རུ་འཁྲུངས། དུས་རབས་གོང་མའི་ལོ་རབས་40པར་ཨ་རིར་སློབ་སྦྱོང་དང་དགེ་རྒན་གནང་བ་དང་། 1957ལོར་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་ཐོབ། ཁོང་དང་སྨིར་སི་རྣམ་གཉིས་ཀྱིས་བཏོན་པའི་དབྱང་-སྨིར་སིའི་ཚད་ལྡན་ར་བ་སྨྲ་བ་ནི་དུས་རབས་20པའི་དངོས་ལུགས་རིག་པའི་གྲུབ་འབྲས་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད། རྒྱལ་ནང་དུ་ལོག་ནས་ལོ་20ལྷག་ཙམ་རིང་། དབྱང་ཀྲེན་ཉིང་གིས་ཆིང་ཧྭ་སློབ་ཆེན་དུ་དགེ་རྒན་གནང་སྟེ། ཤེས་ལྡན་པ་གསོ་སྐྱོང་དང་སྐོང་འགུག་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གཞུང་སྤེལ་རེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
འབྲེལ་ཡོད་གསར་འགྱུར།