2025ལོའི་ཀྲུང་གོ་ཅིང་ཏེ་ཀྲེན་རྒྱལ་སྤྱིའི་རྫ་དཀར་འགྲེམས་ཚོགས་ཅང་ཤིས་སུ་འགོ་ཚུགས་པ།
ཉེ་ཆར། 2025ལོའི་ཀྲུང་གོ་ཅིང་ཏེ་ཀྲེན་རྒྱལ་སྤྱིའི་རྫ་དཀར་འགྲེམས་ཚོགས་ཅང་ཤིས་ཞིང་ཆེན་ཅིང་ཏེ་ཀྲེན་གྲོང་ཁྱེར་ཐའོ་པོ་ཁྲེང་དུ་འགོ་ཚུགས་པ་རེད། སྐབས་འདིའི་རྫ་དཀར་འགྲེམས་སྟོན་དུ་རྒྱལ་ནང་གི་རྫ་ཆས་ཐོན་སྐྱེད་ཁུལ་ཆེ་གྲས་ཁག་དང་། སྲོལ་རྒྱུན་གྱི་རྫ་ཆས་གྲགས་ཅན་སྤུས་ལེགས། གོ་ལ་ཧྲིལ་པོའི་རྒྱལ་ཁབ་30ལྷག་ཙམ་ནས་ཡོང་བའི་གྲགས་ཅན་སྤུས་རྟགས་བཅས་ཞུགས་པ་རེད། འགྲེམས་སྟོན་ཁུལ་དུ་རྒྱལ་སྤྱིའི་སྤུས་རྟགས་རྫ་དཀར་འགྲེམས་སྟོན་ཁུལ་དང་། ཉེར་མཁོའི་རྫ་དཀར་སྤུས་རྟགས་འགྲེམས་སྟོན་ཁུལ། རྫ་ཆས་གྲགས་ཅན་འགྲེམས་སྟོན་ཁུལ། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཁུལ་སོགས་འགྲེམས་སྟོན་ཁུལ་12བཙུགས་ཡོད་པ་དང་འགྲེམས་སྟོན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་14ཟིན་པ་རེད། འདི་ནི་དེ་ཉིན་ལྟད་མོ་བ་ཚོས་2025ལོའི་ཀྲུང་གོ་ཅིང་ཏེ་ཀྲེན་རྒྱལ་སྤྱིའི་རྫ་དཀར་དངོས་མང་འགྲེམས་ཚོགས་སུ་རྫ་དཀར་ཐོན་རྫས་ལ་ལྟ་སྐོར་དང་འདེམས་ཉོ་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།