དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་དབུས་རྒྱུད་བགྲོད་ལམ་ནས་རྒྱལ་མཚམས་འཛུལ་སྒྲོལ་དུས་གཏན་མེ་འཁོར་གྱིས་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི་2000ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-10-21

    ཤིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་ཧུའུ་ཧོ་ཧའོ་ཐེ་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་14ཉིན་བར། 2013ལོར་གཏོང་འགོ་ཚུགས་ཚུན་ཧུའུ་ཧོ་ཧའོ་ཐེ་འགག་སྒོ་ལས་ཁུངས་ཀྱིས་ལྟ་འདོམས་བྱེད་པ་དང་ཨར་ལེན་ཧའོ་ཐེ་འགག་སྒོ་བརྒྱུད་རྒྱལ་མཚམས་འཛུལ་སྒྲོལ་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི་2000ལས་བརྒལ་ཏེ་ཏུན་ཁྲི་2057.2ཟིན་པ་དང་། ཤར་གཏོང་ཐུབ་པའི་མེ་འཁོར་གྱི་གྲངས་འབོར་ཁྲི་2.1ཙམ་ཟིན་གྱི་ཡོད་པ་རེད།

    ཨར་ལེན་ཧའོ་ཐེ་འགག་སྒོ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་མོང་ཨུ་རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་གྱི་སྦྲེལ་ཚིགས་གལ་ཆེན་ཞིག་ཡིན་ལ། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་དབུས་རྒྱུད་བགྲོད་ལམ་གྱི་རྒྱལ་མཚམས་འཛུལ་སྒྲོལ་འགག་སྒོ་གཅིག་པུ་དེ་ཡང་ཡིན། མིག་སྔར་འཁོར་སྐྱོད་ལམ་ཐིག་ཁག་74ཡོད་པ་དང་། ཁྱབ་འགྱེད་ཁྱབ་ཁོངས་སུ་རྒྱལ་ཁབ་10ལྷག་ཙམ་དང་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་རམ་འབབ་ཚུགས་140ལྷག་ཙམ་ཚུད་ཡོད་པ་རེད།

    འདི་ལོ་ཚུན། ཧུའུ་ཧོ་ཧའོ་ཐེ་འགག་སྒོ་ལས་ཁུངས་ཀྱིས་ཆུ་ཚོད་7×24ཡི་ཁ་ཆད་འགག་སྒོ་སྒྲོལ་བའི་ཞབས་ཞུའི་བྱ་ཐབས་རྒྱུན་རྣམ་ཅན་གྱི་སྒོ་ནས་ལག་ལེན་བསྟར་ཏེ“ཞིབ་བཤེར་ནན་པ་དང་གློད་གཏོང་ནུས་ཆེ”ཐུབ་པར་བྱས་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་བདེ་འཇགས་ངང་འགག་སྒོ་སྒྲོལ་བར་འགན་སྲུང་བྱས་ཡོད། “མེ་འཁོར་འགག་སྒོ་མྱུར་སྒྲོལ”གྱི་བྱ་ཐབས་ཁྱབ་གདལ་བཏང་སྟེ། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་འགག་སྒོ་སྒྲོལ་བའི་ལས་ཆོད་ཆེ་རུ་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།