ཀྲུང་གོའི་རྒྱལ་སྤྱིའི་ཞིང་ཞོར་ཐོན་རྫས་ཚོང་འདུས་སྐབས་ཉེར་གཉིས་པ་ཐེན་ཅིན་དུ་གཉེར་བ།
ཉེ་ཆར། ཀྲུང་གོའི་རྒྱལ་སྤྱིའི་ཞིང་ཚོར་ཐོན་རྫས་ཚོང་འདུས་སྐབས་ཉེར་གཉིས་པ་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས(ཐེན་ཅིན)སུ་གཉེར་ཞིང་། སྐབས་འདིའི་ཞིང་ཞོར་ཐོན་རྫས་ཚོང་འདུས་ཚེས་19ཉིན་བར་སྤེལ་བ་དང་། “སྤུས་རྟགས་ལ་བརྟེན་ནས་དར་རྒྱས་ལ་སྐུལ་འདེད་བཏང་སྟེ་འཛད་སྤྱོད་འཕར་བའི་གསོན་ཤུགས་འཕེལ་བར་བྱེད་པ”བརྗོད་དོན་གཙོ་བོར་བྱས་ལ། ཚོང་དུད་3000ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་ཏེ་སྤུས་ལེགས་སྤུས་རྟགས་དང་། ལྗང་མདོག་སྐྱེ་ལྡན་གྱི་མཚོན་རྟགས། རིག་ལྡན་ཞིང་ལས་སོགས་ཆེད་ལས་འགྲེམས་ཁུལ་12བཙུགས་ནས་འགྲེམས་ཞུགས་ཐོན་རྫས་སྣ་ཁ་ཁྲི་2.5འགྲེམས་སྟོན་བྱས་ཡོད། འདི་ནི་འཛད་སྤྱོད་པས་མ་ལེ་ཞི་ཡའི་འགྲེམས་སྟེགས་ནས་ཅ་ལག་ཉོ་བཞིན་པ།
འབྲེལ་ཡོད་གསར་འགྱུར།