དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དུས་ཚིགས་དང་པོ་ནས་གསུམ་པ་བར་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་45.2%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-10-21

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་10ཚེས་17ཉིན། ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་མཚོ་སྔོན་ཞིང་ཆེན་གྱིས་ཕྱི་ཕྱོགས་ཚོང་དོན་གྱི་རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་འོག་སྔར་བཞིན་རྒྱལ་ཡོངས་ཀྱི་འཕར་ཚད་ཨང་དང་པོ་རྒྱུན་འཁྱོངས་བྱས་ནས་བརྟན་ཐོག་ལེགས་འཕེལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་འཕེལ་ཕྱོགས་རྒྱུན་མཐུད་བྱས་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་53.5ཟིན་པ་དེ་ན་ནིང་གི་དུས་མཚུངས(གཤམ་དུ་གཅིག་མཚུངས་ཡིན)ལས་45.2%འཕར་ཡོད། དེའི་ཁྲོད་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་47.4ཟིན་ནས་80.9%འཕར་ཡོད། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་6.1ཟིན་ནས་42.5%ཆག་ཡོད་པས། ཕྱིར་གཏོང་ནང་འདྲེན་བྱེད་ཚད་དང་ཕྱིར་གཏོང་གི་འཕར་ཚད་གཉིས་ཀ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    དུས་ཚིགས་དང་པོ་ནས་གསུམ་པ་བར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ(ས་ཁུལ)112དང་ཚོང་དོན་འགྲོ་འོང་བྱས་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན། ཕ་ན་མ་དང་། ཧོང་ཏུ་ར་སི། མོ་ཙམ་པི་ཁེ་སོགས་རྒྱལ་ཁབ(ས་ཁུལ)22མང་དུ་ཕྱིན་ཡོད་པ་རེད། དེའི་ཁྲོད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་44.2ཟིན་ཏེ་62.9%འཕར་བ་དེས་དུས་མཚུངས་ཀྱི་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་82.7%བཟུང་བ་དང་བསྡུར་ཚད་བརྒྱ་ཆའི་གྲངས་9འཕར་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཁྲོད་ཀྱི་ཧང་ག་རི་དང་། ཨུ་རུ་སུ། ཝེ་ཐེ་ནམ་བཅས་ནི་མཚོ་སྔོན་ཞིང་ཆེན་གྱི་མདུན་གྲལ་གྱི་ཚོང་དོན་རྒྱལ་ཁབ་ཆེ་གྲས་གསུམ་ཡིན་པ་དང་གོང་གསལ་རྒྱལ་ཁབ་གསུམ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་21.6དང་། སྒོར་དུང་ཕྱུར་4 སྒོར་དུང་ཕྱུར་3.8བཅས་སོ་སོར་ཟིན་ཏེ་ལྡབ་8དང་། ལྡབ་1.3 ལྡབ་3.1བཅས་སོ་སོར་འཕར་ཡོད་པ་རེད།

    དུས་ཚིགས་དང་པོ་ནས་གསུམ་པ་བར། མཚོ་སྔོན་ཞིང་ཆེན་དུ་འགག་སྒོ་ལས་ཁུངས་བརྒྱུད་ཐོ་འགོད་བྱས་པའི་ཕྱིར་གཏོང་ནང་འདྲེན་ཁེ་ལས་1937ཟིན་ནས་10.6%མང་དུ་ཕྱིན་ཡོད། དེའི་ནང་ཕྱིར་གཏོང་ནང་འདྲེན་གྱི་གྲུབ་འབྲས་དངོས་ཡོད་པའི་ཁེ་ལས་208ཟིན་ཏེ་ན་ནིང་གི་དུས་མཚུངས་ལས་ཁེ་ལས་24མང་དུ་ཕྱིན་ཏེ་13%འཕར་ཡོད་པ་རེད། དེའི་ནང་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་47ཟིན་ཏེ་67.9%འཕར་བ་དེས་དུས་མཚུངས་ཀྱི་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་87.8%ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་བརྒྱ་ཆའི་གྲངས་51.5འཕར་བར་སྐུལ་ཁྲིད་བྱས་ཡོད་པ་རེད། དུས་མཚུངས་སུ་མཚོ་སྔོན་ཞིང་ཆེན་གྱི་གཞུང་ཁོངས་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་6.3ཟིན་པ་དང་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཏང་བའི་ཁེ་ལས་ཀྱིས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་ཁྲི་2359ཟིན་ཡོད་པ་རེད།

    ཕྱིར་གཏོང་ཐོན་རྫས་གཙོ་བོ་གསར་པ་དང་ལྗང་མདོག་ལ་ཕྱོགས་ཤིང་། ལིས་གློག་རྫས་དང་འོད་ཤུགས་ཐོན་རྫས་ལྡབ་འཕར་བྱུང་ཡོད། དུས་ཚིགས་དང་པོ་ནས་གསུམ་པ་བར་འཕྲུལ་གློག་ཐོན་རྫས་ནི་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ཐོན་རྫས་ཆེ་ཤོས་ཨང་དང་པོ་ཡིན་པ་དང་། ཕྱིར་གཏོང་གི་རིན་ཐང་སྒོར་དུང་ཕྱུར་24.3ཟིན་ནས་ལྡབ་4འཕར་ཏེ་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་51.3%བཟུང་ནས་བརྒྱ་ཆའི་གྲངས་32.2འཕར་ཡོད་པ་རེད། དེའི་ཁྲོད་ལིས་གྱེས་རྡུལ་གློག་གསོག་ཡོ་ཆས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་22ཟིན་ཏེ་ལྡབ་9.1འཕར་ཡོད། འོད་ཤུགས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1.5ཟིན་ནས་ལྡབ་1.8འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།