སི་ཁྲོན་དཀར་མཛེས་རོང་བྲག་རྫོང་གི་རྒྱས་ཁ་ཡུལ་གྲོང་ཚོ་སོགས།
གྲོང་ཚོ་ཁག་གཅིག་མཉམ་འབྲེལ་རྒྱལ་ཚོགས་ཡུལ་སྐོར་རྩ་འཛུགས་ཀྱི“ཡུལ་སྐོར་གྲོང་ཚོ་ཡག་ཤོས”ནང་བདམས་པ།

འདི་ནི་2025ལོའི་ཟླ་10ཚེས་17ཉིན་པར་བླངས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རོང་བྲག་རྫོང་དམུ་རྡོ་གྲོང་རྡལ་རྒྱས་ཁ་ཡུལ་གྲོང་ཚོ་ཡིན་པ།
ཟླ་10ཚེས་17ཉིན། མཉམ་འབྲེལ་རྒྱལ་ཚོགས་ཡུལ་སྐོར་རྩ་འཛུགས་ཀྱིས་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་དུ“ཡུལ་སྐོར་གྲོང་ཚོ་ཡག་ཤོས”ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོ་གཉེར་ཞིང་། ཚོགས་འདུའི་ཐོག་2025ལོའི“ཡུལ་སྐོར་གྲོང་ཚོ་ཡག་ཤོས”ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་29ཡི་གྲོང་ཚོ་52སྐབས་ལྔ་པའི“ཡུལ་སྐོར་གྲོང་ཚོ་ཡག་ཤོས”ནང་བདམས་ཤིང་། རང་རྒྱལ་གྱིས་རེ་ཞུ་བྱས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རོང་བྲག་རྫོང་དམུ་རྡོ་གྲོང་རྡལ་རྒྱས་ཁ་ཡུལ་གྲོང་ཚོ་དང་། ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་ཀྲོའུ་ཤར་ལྷོའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ལི་ཕིང་རྫོང་ཧྲོང་ཅང་གྲོང་རྡལ་ཧོང་ཀང་གྲོང་ཚོ། ཅང་སུའུ་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཤིང་ཧྭ་གྲོང་ཁྱེར་ཆན་ཏུའོ་གྲོང་རྡལ་ཏུང་ལུའོ་གྲོང་ཚོ། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ནན་ཞུན་ཆུས་ཧོ་ཧྥུ་གྲོང་རྡལ་ཏི་ཀང་གྲོང་ཚོ་བཅས་གྲོང་ཚོ་4བདམས་པ་དང་། བདམས་ཐོན་བྱུང་བའི་གྲོང་ཚོ་བསྡོམས་19ཟིན་ཡོད།
ད་རེས་བདམས་པའི་གྲོང་ཚོ་4ལ་རང་བྱུང་ས་བབ་དང་། རིག་གནས་གྲུབ་ཚུལ། འཕེལ་རྒྱས་ཐབས་ལམ་བཅས་ཀྱི་ཐད་སོ་སོའི་ཁྱད་ཆོས་ལྡན་པ་མ་ཟད། གྲོང་གསེབ་ཡུལ་སྐོར་ཕུན་སུམ་ཚོགས་ལ་སྣ་མང་གི་འཕེལ་སྟངས་ཀྱང་མངོན་ཡོད། ས་ཁམས་ཁོར་ཡུག་ནས་བལྟས་ན། ས་བབ་ཆགས་སྟངས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་། ལྷོ་ནུབ་རི་ཁུལ་དང་། ས་མཐོའི་གྲོག་རོང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་ཆུ་ཁུལ་བཅས་སུ་ཁྱབ་ཡོད་པས། རང་བྱུང་སྐྱེ་ཁམས་ཀྱི་ཆ་རྐྱེན་མི་འདྲ་བའི་འོག་གི་གྲོང་གསེབ་འཕེལ་རྒྱས་ཀྱི་བཀོད་པ་མངོན་ཡོད། རིག་གནས་ཀྱི་ནང་དོན་ཐད་མཚོན་ཚུལ་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། ཀུའེ་ཀྲོའུ་ཤར་ལྷོའི་ཏུང་རིགས་ཀྱི་གཞས་ཆེན་གྱི་གསོན་ཉམས་ལྡན་པའི་རྒྱུན་འཛིན་དང་། ཅང་སུའུ་བྱང་རྒྱུད་ཀྱི་ལི་ཞ་ཧོ་ཆུ་ཁུལ་གྱི་སོ་ནམ་རིག་གནས། དཀར་མཛེས་རྒྱལ་རོང་བོད་རིགས་ཀྱི་ལྟ་ན་སྡུག་པའི་དམངས་སྲོལ་དང་དེ་བཞིན་འབྲི་ཆུའི་ལྷོ་རྒྱུད་ཀྱི་སང་ཅི་ཉ་རྫིང་གི་སྐྱེ་ཁམས་བློ་རིག་བཅས་ལས་ཀྲུང་ཧྭའི་རིག་གནས་ཟབ་མོ་དང་གསོན་ཉམས་དོད་པོ་མངོན་ཡོད། འཕེལ་རྒྱས་གཏོང་སྟངས་ཐད་ཡུལ་བབ་དང་མཐུན་པའི་སོ་སོའི་ཁྱད་ཆོས་ལྡན་ཞིང་། ཧོང་ཀང་གྲོང་ཚོས་མངོན་མིན་རིག་གནས་ཤུལ་བཞག་ཧྲིལ་པོ་སྲུང་སྐྱོང་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་ཁྲིད་དང་། ཏུང་ལུའོ་གྲོང་ཚོས་མེ་ཏོག་གི་ཞིང་ཁམས་ལ་བརྟེན་ནས་སོ་ནམ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་གཏོང་། རྒྱས་ཁ་ཡུལ་གྲོང་ཚོས་རང་བྱུང་སྐྱེ་ཁམས་དང་ལྟ་ན་སྡུག་པའི་དམངས་སྲོལ་ཟུང་འབྲེལ་གྱི་བགྲོད་ལམ་འཚོལ་ཞིབ། ཏི་ཀང་གྲོང་ཚོས་སྲོལ་རྒྱུན་གྱི་ཉ་ལས་རིག་གནས་དེ་དེང་རབས་ཀྱི་ལས་རྣམ་དུ་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་བཏང་ཡོད། ལག་ལེན་དེ་དག་ནི“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག”པའི་འདུ་ཤེས་ཀྱི་གསོན་ཉམས་ལྡན་པའི་ར་སྤྲོད་ཅིག་རེད་ལ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཁྲོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་གཟི་འོད་འཚེར་བའི་མངོན་གསལ་དོད་པའི་གྲུབ་འབྲས་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།