དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པ་བཙུགས་པ་དང་སྐུལ་སློང་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-21

    ཚེས་19ཉིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པ་བཙུགས་པ་དང་སྐུལ་སློང་ཚོགས་ཆེན་སི་ཁྲོན་ཕེང་ཧྲན་སྦྱོང་བརྡར་རྟེན་གཞིར་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་མ་ཟད། རུ་ཁག་གི་སྣེ་ཁྲིད་དེ་ལུས་རྩལ་པར་འགན་སྲུང་དང་སྦྱོང་བརྡར་རྟེན་གཞི་འཛུགས་སྐྲུན་གྱི་འབྲེལ་ཡོད་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་འབད་འཐབ་ལྷོད་མེད་བྱེད་པ་དང་། སྒྲིག་སྲོལ་ལ་བརྩི་འཇོག་དང་རང་ཉིད་ལ་འགྲན་སློང་བྱེད་པ། སྒྲིག་ཁྲིམས་ལ་བརྩི་སྲུང་དང་ཉམས་འགྱུར་མངོན་པ་བཅས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་ལ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་མི་རིགས་ཁག་གི་མི་དམངས་ཀྱི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་པའི” འབད་འཐབ་ཀྱི་རྣམ་པ་གཅིག་ཏུ་མངོན་པར་བྱས་ཏེ། དཔའ་ངར་ཆེན་པོས་གྲུབ་འབྲས་བཟང་པོ་གཏོད་པ་དང་ལོ་རྒྱུས་གསར་པ་རྩོམ་ཐུབ་པའི་བརྩོན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།