“བོད་ཀྱི་ལག་རྟགས”རྒྱལ་ཡོངས་ཀྱི་གྲོང་ཁྱེར་ལག་རྟགས་ཀྱི་འགྲེམས་སྟོན་ཐོག་བཤམས་པ།
ཚེས་17ཉིན། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ལག་རྟགས་འགྲེམས་སྟོན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ལེང་ཀྲུའུ་5000+སྒྱུ་རྩལ་བསམ་བཀོད་གླིང་དུ་འགོ་ཚུགས་པ་རེད། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་སྒྲིག་འཛུགས་ཞིབ་ཚགས་བྱས་པའི་ཁྱད་ལྡན་རིག་གནས་བསམ་བཀོད་ལག་རྟགས་འཐུས་མི་ཚོགས་པ་གདན་ཞུས་ལྟར་འགྲེམས་སྟོན་ལ་ཞུགས་པ་དང་། “བོད་ཀྱི་ལག་རྟགས”བརྗོད་དོན་གཙོ་བོར་བྱས་ནས། རྒྱལ་ཡོངས་ཀྱི་ལྟད་མོ་བར་བོད་ཀྱི་ཐུན་མིན་ཡིད་དབང་འཕྲོག་ཤུགས་ལྡན་པའི་རིག་གནས་བསམ་བཀོད་ཀྱི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བོད་ལྗོངས་ཀྱི་འགྲེམས་ཁུལ་དུ་སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་རྩལ་ནུས་དང་དེང་རབས་ཇུས་འགོད་འདུ་ཤེས་མཉམ་འདྲེས་བྱས་པའི་རིག་གནས་བསམ་བཀོད་ཐོན་རྫས་རབ་དང་རིམ་པ་གཙོ་གནད་ཐོག་འགྲེམས་སྟོན་བྱས་པའི་ནང་། ཀླུ་ནང་ལ་ཡོད་ཇ་ཞིང་ར་བའི་སྐྱེ་ལྡན་བོད་ཇ་དང་བོད་ཀྱི་འབྲི་གཡག་གི་ཁུ་ལུ་དང་རྩིད་པའི་བསླས་འཐག་ཐོན་རྫས་སོགས་ཚུད་ཡོད་ཅིང་། དེ་དག་ལས་བོད་ཀྱི་གཏིང་ཟབ་པའི་རིག་གནས་ཀྱི་རྨང་གཞི་དང་བཟོ་བོའི་སྙིང་སྟོབས་དེང་རབས་རྒྱུན་འཛིན་གང་ལེགས་ཐུབ་པ་མངོན་ཡོད།
འགྲེམས་སྟོན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་འགྲེམས་སྟོན་གྱིས་ས་ཁུལ་ཁག་གི་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ལས་སྟེགས་གལ་ཆེན་བཏོད་ཡོད། “བོད་ཀྱི་ལག་རྟགས”རྩེར་སོན་བཤམས་པ་དེ་ནི་ས་ཁོངས་ཀྱི་རིག་གནས་གྲུབ་འབྲས་ཐོབ་པའི་ངང་འགྲེམས་སྟོན་བྱས་པ་ཞིག་ཡིན་པ་མ་ཟད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར“བོད་ཀྱི་མ་དཔེ”མཁོ་འདོན་བྱས་པ་ཞིག་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།