དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་འགྲམ་འགག་སྒོ་ནས་རྒྱལ་ཐོན་ནུས་གསར་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-10-21

    ནུས་གསར་རླངས་འཁོར་བླུགས་པའི་ཟོག་འཁོར་གཅིག་མཇུག་གཉིས་མཐུད་ངང་འགྲམ་འགག་སྒོའི་མཛའ་གྲོགས་ཟམ་ཆེན་དུ་གྲལ་སྟར་འགྲིག་པོར་བཞག་ཡོད་ཅིང་། གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ཡིན་པའི་འགྲམ་འགག་སྒོས་མཉམ་འགུལ་ལྟ་འདོམས་བྱེད་སྟངས་སྤྱད་ནས་ཕྱིར་གཏོང་བྱ་རྒྱུའི་ནུས་གསར་རླངས་འཁོར་དེ་དག་ཉིན་འགའི་རྗེས་སུ་ནེ་པ་ལའི་ཁྲོམ་རར་ཐོན་རྒྱུ་རེད།

    གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། འགྲམ་འགག་སྒོས་དུས་ཚིགས་དང་པོ་ནས་གསུམ་པ་བར་ནུས་གསར་རླངས་འཁོར་4098ཕྱིར་གཏོང་བྱེད་པར་ལྟ་འདོམས་བྱས་པ་དེས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་ཚོང་དོན་རིན་ཐང་སྒོར་དུང་ཕྱུར་4.50ཟིན་ནས་དུས་མཚུངས་ལས་14.98%དང་3.2%སོ་སོར་འཕར་ཡོད་པ་རེད། དེའི་ཁྲོད“ཁུལ(གྲུ་ཁ)དང་འགག་སྒོ་མཉམ་འགུལ”གྱི་བྱེད་སྟངས་སྤྱད་ནས་ནུས་གསར་རླངས་འཁོར་2621ཕྱིར་གཏོང་བྱེད་པར་ལྟ་འདོམས་བྱས་པ་དེས་འགག་སྒོ་ཡོངས་ཀྱི་ནུས་གསར་རླངས་འཁོར་ཕྱིར་གཏོང་གི་63.96%བཟུང་ཡོད་པ་རེད།

    “ད་ལོ་ང་ཚོའི་ཀུང་སིས་ནེ་པ་ལར་འཚོང་རྒྱུའི་ནུས་གསར་རླངས་འཁོར་དེ་དག་གཙོ་བོ་འགྲམ་འགག་སྒོ་ནས་ཕྱིར་གཏོང་བྱེད་ཀྱི་ཡོད། ད་ཆ་རླངས་འཁོར་ཧྲིལ་པོ་ཕྱིར་གཏོང་འགག་སྒྲོལ་བྱེད་པར་དུས་ཡུན་སྐར་མ་6ཡས་མས་ལས་འགོར་གྱི་མེད་པས་དངོས་གནས་སྟབས་བདེ་པོ་འདུག་ལ་ང་ཚོས་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་ར་གསར་འབྱེད་བྱེད་པའི་གདེང་ཚོད་ཀྱང་དེ་བས་ཆེ་རུ་ཕྱིན་སོང”ཞེས་བོད་ལྗོངས་ཁྲེང་ཅེ་སྒོ་སྒྲོལ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།