དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་རབ་ཏུ་བཞད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ།   |     སྤེལ་དུས།  2025-10-20

    འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་བྱེད་སྒོའི་ཟླ་བ་སོ་ལྔ་པའི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།

    འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ནན་ཅིང་ཚོད་ལྟའི་སློབ་ཆུང་གི་སློབ་མས“མི་རིགས་མཐུན་སྒྲིལ་སློབ་གསོའི་བརྗོད་དོན་གཙོ་བོའི་སྤྱི་གླིང”ལ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་སློབ་འབྲིང་གི་མཛེས་རྩལ་སྤྲོ་སྣང་ཚོགས་པའི་སློབ་མས་བྲིས་པའི“ཀྲུང་ཧྭ་མི་རིཌ་གཅིག་མཐུན་ཚོཌ་པའི་འདུ་ཤེས་བརྟན་པོར་འཛུགས་པའི”བརྗོད་དོན་གཙོ་བོའི་རི་མོའི་བརྩམས་ཆོས་སྟོན་བཞིན་པ།

    འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་གྲོང་གསར་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་ས་གནས་དེ་གའི་ཏེང་པ་མང་ཚོཌ་ཀྱི་ཁྱིམ་དུ་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་པ།

    འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་སྡེ་ཁུལ་གྱི་ལས་དོན་པས་ཁོངས་གཏོགས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དང་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་པ།

    འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་སྡེ་ཁུལ་གྱི་ལས་དོན་པས་མང་ཚོགས་དང་མཉམ་དུ་ལོ་སྒྲིལ་འབྲས་ཆན་བཟོ་བཞིན་པ།

    འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིཌ་ཤང་དུ་ཡར་དར་དང་ཁྱོ་ག་ཀྲེང་ཏིང་ཆོན་གཉིས་ཀྱིས་དམངས་སྲོལ་གནས་ཚང་གི་ཁང་པར་གཙང་སྦྲ་བྱེད་བཞིན་པ།

    འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་ཡུལ་སྐོར་བས་དྲན་རྟེན་མཉམ་པར་རྒྱག་བཞིན་པ།

    ལོ་ངོ་དྲུག་ཅུའི་གྲུབ་འབྲས་གཡུར་དུ་ཟ། གངས་ལྗོངས་ས་མཐོའི་གླུ་དབྱངས་སྙན་ཞིང་འཇེབས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་བརྒྱབ་ནས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་བཏང་བ་བརྒྱུད། འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པ་དང་འབྲེལ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་གསོན་ཉམས་ལྡན་པའི་ལེའུ་བརྩམས་པ་རེད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་འཐབ་ཇུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་གི་ཡོད། རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་བརྒྱུད། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་དང་། མཉམ་སྦྱོང་། མཉམ་སྒྲུབ། མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཆ་རྐྱེན་ཧུར་ཐག་བསྐྲུན་པས། “རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་ཕན་ཚུན་ཁ་འབྲལ་ཐབས་མེད་པའི”བསམ་བློ་ཉིན་རེ་བཞིན་མི་སེམས་སུ་གཏིང་ཟབ་ཟུག་སྟེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད་པ་རེད།

    འདུ་ཤེས་འདི་སློབ་གསོའི་ས་གཞི་གཤིན་པོར་རྩ་བ་བརྟན་པོར་ཚུགས་ཡོད། བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་གིས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་འཛིན་ཚོགས་དང་། ཤེས་བྱ་འགྲན་བསྡུར། རིག་རྩལ་འཁྲབ་སྟོན་བཅས་དང་། སློབ་མ་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་། མི་རིགས་མཐུན་སྒྲིལ་གྱི་གླུ་གཞས་ལེན་པ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཤོད་པ་སོགས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་རྒྱ་ཁྱབ་ཏུ་སྤེལ་ནས། རང་རེའི་ཀྲུང་ཧྭ་ལ་དགའ་བའི་ས་བོན་གཞོན་ནུ་ལོ་ཆུང་ཚང་མའི་སེམས་སུ་བཏབ་ཡོད་པ་རེད།

    སྡེ་ཁུལ་གྱི་ངོས་ནས་ཀྱང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་སྡེ་ཁུལ་ལ་ཆ་མཚོན་ན། བོད་ཀྱི་ལོ་གསར་དང་ཟླ་མཆོད་དུས་ཆེན་སོགས་ཀྱི་རིང་། གཏོགས་ཁོངས་ཀྱི་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་མི་འདྲ་བའི་མང་ཚོགས་གདན་དྲངས་ནས་མི་རིགས་མཐུན་སྒྲིལ་བརྗོད་དོན་གཙོ་བོར་བྱས་པའི་རྟེན་འབྲེལ་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱེད་ཀྱི་ཡོད་པ་རེད།

    ད་ཆ། གངས་ལྗོངས་ཀྱི་ས་གཞི་ཆེན་པོ་འདིར། སློབ་གྲྭ་ནས་སྡེ་ཁུལ་བར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་རིགས་ཁག་གི་བུ་ཕྲུག་ཚོའི་ཁྲག་རྒྱུན་ནང་འདྲེས་ནས། བོད་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་བར་དང་། བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ་ནས་ཡུན་རིང་བདེ་འཁོད་ཡོང་བའི་བར་ཚང་མར་འདེགས་སྐྱོར་བརྟན་པོ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཐུན་མོང་འབྱོར་ཕྱུག་གི་ལམ་ཆེན་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་ཐུབ་པའི་འགན་ལེན་བྱས་པ་དང་། མཐུན་སྒྲིལ་མདུན་སྐྱོད་དང་། དར་རྒྱས་བརྟན་ལྷིང་། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་བརྗིད་ཆེའི་རྣམ་པ་ཐུན་མོང་ཐོག་བརྩམས་པ་འདིའི་ཐོག་ནས། དེ་བས་འོད་སྟོང་འབར་བའི་བོད་ཀྱི་འབྱུང་འགྱུར་བསྟན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།